བཤགས་སྡོམ།

བཤགས་སྡོམ།

ཤེས་རབ་འོད་འཛིན་གྲྭ། འཇིགས་མེད་བློ་བཟང་བསྟན་འཛིན་རྒྱ་མཚོ། ལོ ༡༢ ༢༠༡༩།༡།༢༥། ཉིན། གཟའ་པ་སངས། གནམ་གཤིས་བཟང་།

དེ་རིང་སྔ་དྲོ་སློབ་གྲྭ་ལ་སོང་། ཉིན་གུང་ཚིགས་འཐུང་སྐབས་ཨ་ཁུ་འཕྲིན་ལས་ཀྱིས་ང་ལ་ཡང་ཡང་ལྟ་བཞིན་འདུག །ངའི་མགོ་བོ་ཡར་དགྱེས་མ་ཕོད་པར་འོག་མིག་གིས་བལྟས་པ་ན་ཁོའི་རྐང་བའི་རྡོག་སྣེ་མཐོང་སོང་། སྐབས་དེར་ངའི་ཡིད་ལ་སྔོན་ཆད་བྱུང་བའི་དོན་དག་ཞིག་དྲན་བྱུང་། ང་སློབ་གྲྭར་ཞུགས་མེད་དུས་ཤིག་ལ་ངས་ས་དོང་བརྐོས་ནས་ཨ་ཁུ་འཕྲིན་ལས་ཀྱིས་རྐང་པ་ནང་ལ་ལྷུང་དུ་བཅུག་པ་དྲན་བྱུང་བས་ཅུང་ཙམ་སྐྲག་ཅིང་འགྱོད་པ་ཡང་སྐྱེས། གུང་ཚིགས་འཐུང་ཚར་ནས་ལྟུང་བཤགས་འདོན་སྐབས་ངས་སྔར་བྱས་ཀྱི་ལས་དེ་དག་ལ་བཤགས་སྡོམ་བྱས།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)