༢༠༢༢-༢༠༢༣ གཉིས་སུ་རྒྱུད་གྲྭར་ཕེབས་པའི་ལྷ་རམས་པའི་མཚན་ཐོ།
སྡེ་ཚན། དགེ་བཤེས། ཟླ་ཚེས་ 27-06-2023 ཀློག། 159
ལོ་རེ་བཞིན་དུ་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་དང་། དྭགས་པོ་བཤད་སྒྲུབ་གླིང་། བཀྲ་ཤིས་ལྷུན་པོ་སོགས་ནས་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ཀྱིས་རང་རང་གི་གདན་སར་མདོ་ཕྱོགས་ཀྱི་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་མཐར་ཕྱིན་ནས། དགེ་བཤེས་ཀྱི་མཚན་རྟགས་ཐོན་པ་དང་། དེ་ནས་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ཆེན་ཁག་ལ་སློབ་གཉེར་དང་། ཆོ་ག་ཕྱག་ལེན་ཐིག་རྡུལ་ཚོན་སོགས་སློབ་སྦྱོང་གི་ཆེད་དུ་གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སྒྲིག་ཁོངས་སུ་ཆོས་ཞུགས་གནང་སྟེ་ལོ་གཅིག་གི་ཆོས་ཐོག་འཁོར་བཞིན་པའི་དགེ་བཤེས་རྣམ་པའི་མཚན་ཐོ། ༢༠༢༢ དང་ ༢༠༢༣ གཉིས་ཀྱི་དགེ་བཤེས་ལྷ་རམས་པ།
ཕབ་ལེན་།
༢༠༢༢ - ༢༠༢༣ གཉིས་སུ་རྒྱུད་གྲྭར་ཕེབས་པའི་ཚོགས་རམས་པའི་མཚན་ཐོ།
སྡེ་ཚན། དགེ་བཤེས། ཟླ་ཚེས་ 27-06-2023 ཀློག། 75
ལོ་རེ་བཞིན་དུ་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་དང་། དྭགས་པོ་བཤད་སྒྲུབ་གླིང་། བཀྲ་ཤིས་ལྷུན་པོ་སོགས་ནས་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ཀྱིས་རང་རང་གི་གདན་སར་མདོ་ཕྱོགས་ཀྱི་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་མཐར་ཕྱིན་ནས། དགེ་བཤེས་ཀྱི་མཚན་རྟགས་ཐོན་པ་དང་། དེ་ནས་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ཆེན་ཁག་ལ་སློབ་གཉེར་དང་། ཆོ་ག་ཕྱག་ལེན་ཐིག་རྡུལ་ཚོན་སོགས་སློབ་སྦྱོང་གི་ཆེད་དུ་གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སྒྲིག་ཁོངས་སུ་ཆོས་ཞུགས་གནང་སྟེ་ལོ་གཅིག་གི་ཆོས་ཐོག་འཁོར་བཞིན་པའི་དགེ་བཤེས་རྣམ་པའི་མཚན་ཐོ། ༢༠༢༢ དང་ ༢༠༢༣ གཉིས་ཀྱི་དགེ་བཤེས་ཚོགས་རམས་པ།
ཕབ་ལེན་།
འཆད་ཉན་ཇི་ལྟ་མཛད་ཚུལ།
སྡེ་ཚན། འཆད་ཉན། ཟླ་ཚེས་ 06-07-2023 ཀློག། 108
དང་པོ། གླེགས་བམ་གྱི་སྟེང་ནས་འཆད་པ། ལོ་རེ་བཞིན་དུ་རྒྱུད་འགྲེལ་གཉིས་ཀྱི་འཆད་ཉན་ཐོག་མར་དབུ་འཛུགས་གནང་བ་ལ་བླ་མ་རྒྱུད་མཆོད་བྱ་དགོས་ཤིང་། དེ་ཡང་སྔོན་གྱི་བྱུང་བ་ལས་སྟོན་པ་རྡོ་རྗེ་འཆང་དཀྱིལ་འཁོར་ཆེན་པོའི་དབུས་སུ་བཞུགས་པ་ལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་འདུས་པ་བཤད་པར་གསོལ་བ་ལན་གསུམ་བཏབ་པ་ལས་རྒྱུད་གསུངས་ཡིན་ལ། དེ་བཞིན་དུ་རྗེས་འཇུག་གདུལ་བྱའི་ཉམས་ལེན་གྱི་དབང་དུ་བྱས་ནས། ཚོགས་ཡོངས་ནས་ཐོག་མར་བདག་བསྐྱེད་ཉེར་བསྡུ་དང་བཅས་པ་བཏང་ནས། མདུན་བསྐྱེད་འགོར་རྡོ་རྗེ་སློབ་དཔོན་སྤོས་སྣེ་དང་བཅས་པས་གདན་དྲངས་ནས་བཞུགས་ཁྲི་ལ་འཁོད། བཀླགས་འཕྲོ...
དུས་ཐོག་སོ་སོའི་འཆད་ཉན་གྱི་རིམ་པ།
སྡེ་ཚན། འཆད་ཉན། ཟླ་ཚེས་ 06-07-2023 ཀློག། 100
དུས་ཐོག་སོ་སོའི་འཆད་ཉན་གྱི་རིམ་པ། བོད་ཟླ་གཉིས་པའི་ཚེས་ཤར་ནས་འཕན་པོ་ཞོག་ཆོས་ཐོག་གི་དུས་སུ་མཁན་པོ་གསར་བཞེངས་ཡིན་ན་རང་གིས་དགོངས་གཅོད་ཀྱིས་ཚེས་དྲུག་གི་གོང་ཚེས་ཆ་གང་བཟང་ཞིག་ལ་བླ་མ་རྒྱུད་མཆོད་མཛད་ནས་འགྲེལ་པ་བཞི་སྦྲགས་འཆད་པའི་དབུ་འདི་ནས་འཛུགས་དགོས་པ་ཡིན་ལ། བོད་ཟླ་གཉིས་པའི་ཚེས་བཅུ་གཉིས་ཀྱི་ཉིན་བླ་མ་རྒྱུད་མཆོད་སྒྲིག་ཡིག་ཆེན་མོ་ལྟར་གནང་ཞིང་། བླ་མ་གསར་བཞེངས་ཀྱི་ལོ་མིན་ན་ཚེས་དྲུག་གི་བསླབ་གྲལ་ནས་རྒྱུད་འགྲེལ་བཤད་པ། རྒྱུད་ཊཱིཀ་ལེའུ་དང་པོ་དང་གསང་བ་འདུས་པའི་བསྐྱེད་རིམ་བརྩི་བཞག་རྣམས་དབུ་འཛུགས་དགོས། བཀླགས་འཕྲོ...
འཆད་ཉན་གྱི་གཞུང་སོགས།
སྡེ་ཚན། འཆད་ཉན། ཟླ་ཚེས་ 06-07-2023 ཀློག། 281
འཆད་ཉན་གྱི་གཞུང་སོགས། རྗེ་བཙུན་ཤེས་རབ་སེང་གེ་དེ་ཉིད་ཀྱིས་རྒྱུད་ཀྱི་འཆད་ཉན་མཛད་པའི་བཤད་གྲྭ་གསར་འཛུགས་གནང་བས་གསང་ཆེན་རྒྱུད་ཀྱི་རྒྱལ་པོའི་ལམ་གྱི་རྣམ་གཞག་རྗེ་བླ་མའི་བཞེད་སྲོལ་ཐུན་མོང་མ་ཡིན་པའི་རྒྱུན་རྒྱ་ཆེེར་སྤེལ་ཏེ། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་པ་དང་། རྗེ་ཤེས་རབ་སེང་གེ་ཉིད་རྗེ་བདག་ཉིད་ཆེན་པོ་སྐུ་གཤེགས་ནས་ལོ་ཉེར་ལྔའི་རིང་གཙང་ཡས་མས་སུ་ལན་མང་དུ་ཕེབས་བཞུད་གནང་ཞིང་། དབུས་སུ་དགེ་ལྡན་དང་གནམ་རྩེ་ལྡེང་སོགས་ཕྱོགས་དང་ཕྱོགས་སུ་བྱ་བྲལ་དང་། འཆད་ཉན་འཕེལ་བར་མཛད་པ་དང་། བཀླགས་འཕྲོ...
རྒྱུད་སྨད་ཆོས་ཐོག་འཁོར་ཡུལ་གྱི་གནས།
སྡེ་ཚན། ཆོས་ཐོག ཟླ་ཚེས་ 01-07-2023 ཀློག། 133
ཞོག་གུར་སྨོན་དགོན། མཚན་རྒྱས་པ་ཞོགས་གུར་མོའི་དགོན་ཞེས་ཞུ་བ་དང་བཀྲ་ཤིས་སྒང་གྲོང་ནས་སྤྱིར་བཏང་འཁོར་ལམ་བརྒྱུད་དེ་སྤྱི་ལེ་ལྔ་ཙམ་སོང་ན་ནུབ་ངོས་ཀྱི་རི་ཁུག་ཏུ་དགོན་དེ་མཇལ་རྒྱུ་ཡོད་ཅིང་། དགོན་དེ་ཐོག་མར་རྗེ་བཙུན་སྒ་ལོ་ཙཱ་ལ་མགོན་པོ་གུ་རུས་ལུང་བསྟན་པ་ལྟར་གནས་དེར་བཞུགས། ཞོགས་ཞེས་པ་ནི་ཨ་ཁུ་སྟོན་པས་གདོན་འདྲེ་དེད་ཕེབས་པས་རྒྱལ་དར་རི་ཟུར་ཞེས་པར་སླེབས་སྐབས། ང་འདི་རུ་ཞོགས་ཞེས་གསུངས་པ་ལས་ཞོགས་ཞེས་པའི་མིང་དེ་ལྟར་བྱུང་བ་དང་། དེའང་ཐོག་མར་དགོན་དེ་ད་ལྟའི་དགོན་གྱི་ཤར་ངོས་སྟག་རྩེ་རིན་ཆེན་སྒང་ཞེས་པར་ཡོད། བཀླགས་འཕྲོ...
ལོ་གཅིག་གི་ཆོས་ཐོག་གི་མཛད་རིམ།
སྡེ་ཚན། ཆོས་ཐོག ཟླ་ཚེས་ 01-07-2023 ཀློག། 75
སྨོན་ལམ་ཆོས་ཐོག ། ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི། རྗེ་ཙོང་ཁ་པ་ཆེན་པོའི་མཛད་ཆེན་བཞིའི་ནང་ཚན་ཏེ། སྤྱི་ལོ་ ༡༤༠༩ ལོ་བོད་ས་གླང་ལོར། གསར་དུ་བཙུགས་པའི་དུས་མཆོད་ཁྱད་པར་ཅན་ཞིག་ཡིན་ལ། དེ་ཉིད་གདན་ས་གསུམ་དང་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ཀྱིས་མཚོན་པའི་རི་བོ་དགེ་ལུགས་པའི་དགོན་སྡེ་ཡོངས་ཀྱིས་གལ་ཆེར་སྲུང་བརྩི་ཞུ་བ་ཡིན། གྲྭ་ཚང་འདི་ཉིད་ལ་མཚོན་ན། ལྷ་སའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བོད་ཟླ་དང་པོའི་ནང་ཉིན་གྲངས་ ༢༡ གི་རིང་ལ་དཔལ་གསང་བ་འདུས་པའི་བདག་འཇུག་བཞེས་པ་དང༌། ལྷག་པར་རབ་གནས་དགེ་ལེགས་ཆར་འབེབས་དང་། བཀླགས་འཕྲོ...
རྒྱུད་སྨད་གྲྭ་ཚང་གི་ཆོག་ཐོག་གི་རེའུ་མིག
སྡེ་ཚན། ཆོས་ཐོག ཟླ་ཚེས་ 01-07-2023 ཀློག། 106
རྒྱུད་སྨད་ཆོག་ཐོག་གི་རེའུ་མིག ། རྗེ་ཤེས་རབ་སེང་གེ་དཔོན་སློབ་རྣམས་ཕྱོགས་ཕྱོགས་སུ་ཆོས་ཐོག་བཏེགས་ནས་དུས་ཚིགས་ཆ་བགོས་ཀྱི་རྒྱུད་འགྲེལ་གྱི་བཤད་པ་དང་། ཁྲིད་ཆེན་དྲུག་གམ་ཁྲིད་ཆེན་བརྒྱད་དུ་གྲགས་པ་སོགས་འཆད་ཉན་མཛད་ཅིང་། ཕྱག་སྲོལ་དེ་ཉམས་པ་མེད་པར་རྒྱུད་ཆེན་སྦྱིན་པ་དཔལ་དང་གྲགས་བཟང་སོགས་གདན་རབས་རིམ་པར་བྱོན་པ་རྣམས་ཀྱིས་བསྐྱངས་ཏེ། ལོ་ལྟར་གནས་གཞན་དུ་རྒྱུད་གྲྭ་རྣམས་ཀྱིས་ཆོས་བར་བཏེག་པའི་སྲོལ་དེ་རབ་བྱུང་བཅུ་དྲུག་པའི་ས་ཕག་ང་དགུ་ལོའི་དུས་འགྱུར་མ་བྱུང་བར་དུ་ཡོད། རྒྱུད་སྨད་གྲྭ་ཚང་གི་ལོ་གཅིག་གི་ཆོས་ཐོག་གི་རེའུ་མིག ། བཀླགས་འཕྲོ...