རྒྱུད་སྨད་གྲྭ་ཚང་གི་དགེ་བསྐོས་རིམ་པའི་མཚན་ཐོ།

དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགེ་བསྐོས་ནི། གདན་སའི་ལྷ་ཚོགས་དགེ་བཤེས་གྲྭ་ཚང་དུ་ཆོས་ཐོག་འཁོར་བ་དག་ཆོས་ཞུགས་སྐབས་ཀྱི་མཚན་ཐོའི་གྲལ་རིམ་ལྟར་ཕེབས་དགོས་ལ། དེ་ཡང་ལོ་ལྟར་ལྷ་རམས་དགེ་བཤེས་གཉིས་དང་ཚོགས་རམས་དགེ་བཤེས་གཅིག་སྟེ་གསུམ་ཕེབས་དགོས་ཤིང་། ལོ་གཅིག་གི་དགེ་བསྐོས་དང་པོ་གཉིས་ལྷ་རམས་དང་། གསུམ་པ་ཚོགས་རམས་ཡིན། དགེ་བསྐོས་དང་པོ་དེ་ཟླ་བ་དྲུག་དང་། གཞན་གཉིས་ཟླ་བ་གསུམ་རེ་ཡིན། དགེ་བསྐོས་རིམ་པའི་མཚན་ཐོ།