ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་གསུམ་པ།

༄༅། །དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་གི་སྤྱི་ལོ་ ༢༠༢༤ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དེ་བཞིན། སྤྱི་ལོ་ ༢༠༢༥ ལོའི་ཟླ་ ༡ ཚེས་ ༣༡ ནས་དངོས་སུ་དབུ་འཛུགས་གནང་ཡོད་པ་ལྟར། ཉིན་གཞན་རྣམས་ཀྱི་སྐབས། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༠༢།༠༡།ལ།

ཊཱིཀྐའི་དགུན་ཆོས་ཆེན་མོ་དབུ་འཛུགས་གནང་།

༄༅། །ལྷོ་ཕྱོགས་གསང་ཆེན་རྒྱུད་སྨད་གྲྭ་ཚང་དུ་གདན་ས་ཁག་ནས་ཆེད་ཕེབས་ཀྱི་ཆོས་ཐོག་འཁོར་བཞིན་པའི་དགེ་བཤེས་རྣམས་དང་། གྲྭ་ཚང་གི་སློབ་གཉེར་བ་སོགས་མཉམ་ཞུགས་ཀྱིས་གཙོ་བོར་རྗེ་བཙུན་ཤེས་རབ་སེང་གེའི་གསུང་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་ཊཱིཀྐ་ཆེན་མོའི་སློབ་གཉེར་གྱི་ཆེད་དུ། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་གི་རྒྱུད་ཀྱི་ཊཱིཀྐའི་དགུན་ཆོས་ཆེན་མོ་སྐབས་བཞི་པ་དེ་བོད་རྒྱལ་ལོ་ ༢༡༥༡ ཟླ་༡༡ ཚེས་༠༡ དང་སྤྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༣༡ ནས་དབུ་འཛུགས་གནང་། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༤།༡༢།༣༡།ལ།

ལྕགས་འཁར་ཆེན་མོ་ཚོགས།

༄༅། །ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱྭ་དང་བོད་བསྟན་སྲིད་བདེ་ཐབས་སོགས་ཀྱི་ཞབས་རིམ་དུ་དམིགས་ནས། རྡོ་རྗེ་སློབ་དཔོན་བླ་མ་དབུ་མཛད་རྗེ་བཙུན་ཐུབ་བསྟན་རབ་རྒྱས་མཆོག་དབུ་བཞུགས་ཀྱིས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ཚོགས་ཡོངས་རྒྱས་འཛོམས་ཀྱིས་བོད་ཟླ་ ༩ ཚེས་ ༡༧ ནས་ཉིན་གསུམ་རིང་ཆེས་བྱིན་མཐུའི་ཚན་ཁ་འབར་བའི་དྲག་པོ་མངོན་སྤྱོད་ཀྱི་ལས་ལྕགས་མཁར་ཆེན་མོ་འཚོགས་ཏེ། དེ་རིང་བོད་ཚེས་ ༡༩ ཉིན་ཤོག་ལིང་སྲེག་སྦྱོར་དང་གཏོར་རྒྱག་བཅས་སྔོན་གྱི་ཕྱག་བཞེས་ཇི་བཞིན་སྦྱོར་དངོས་རྗེས་གསུམ་བསྟན་པའི་མིག་རྒྱན་དུ་ཆེ་བར་མཛད་ཅིང། རབ་རྒྱས་གླིང་གཞིས་མི་དད་ལྡན་མང་ཚོགས་དུ་མ་ཚོགས་མཇལ་དུ་བཅར་ཡོད། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༤།༡༡།༢༠།ལ།

ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དང་པོ།

༄༅། །དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་གི་སྤྱི་ལོ་ ༢༠༢༤ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དེ་བཞིན། སྤྱི་ལོ་ ༢༠༢༥ ལོའི་ཟླ་ ༡ ཚེས་ ༣༡ ནས་དངོས་སུ་དབུ་འཛུགས་གནང་། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༠༡།༣༡།ལ།

དགེ་བཤེས་རྣམས་ལ་རྩོད་རྒྱུགས་ཆེན་མོ།

༄༅། །སྤྱི་ལོ་ ༢༠༢༤ ལོའི་
གདན་ས་ཁག་ནས་ལྷོ་ཕྱོགས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་འགྲིམ་བཞིན་པའི་
ལྷ་ཚོགས་དགེ་བཤེས་རྣམས་ནས། གསང་ཆེན་རྒྱུད་སྡེ་བཞི་ལ་ཐོས་བསམ་ཉམས་བཞེས་ཀྱི་ཐུགས་བརྩོན་ལྷོད་མེད་མཛད་དེ། རྒྱུད་སྡེ་བཞི་ཡི་གཞུང་ཆེན་ཁག་ནས་ལོ་འཁོར་རྒྱུགས་སྤྲོད་ལས་བྲིས་རྒྱུགས་གྲུབ་ནས། སྤྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༠༢ ལ་རྒྱུད་སྨད་མཁན་རིན་པོ་ཆེ་དང་། གདན་ས་ཆེན་པོ་གསུམ་གྱི་གྲྭ་ཚང་དྲུག་གི་མཁན་པོ་དང་མཁན་ཚབ། དཔེ་ཁྲིད་དགེ་རྒན་རྣམ་པའི་དྲུང་དུ་རྩོད་རྒྱུགས་ཀྱི་རྒྱུགས་འབུལ་གནང་། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༤།༡༢།༠༢།ལ།

སྔར་སྲོལ་དབྱངས་ར་ཆེན་མོ་དབུ་འཛུགས་ཞུས།

༄༅། །
གསང་ཆེན་དཔལ་ལྡན་སྨད་རྒྱུད་པའི་བཞེས་རྒྱུན་ཕྱག་ལེན་ཆོས་ཕྱོགས་ཀྱི་རིམ་པ་སྣེ་མང་ལས་དབྱར་ཆོས་བྱེད་སྒོ་གནས་མཆོག་ཕྱི་མིག་ལུང་གི་ཆོས་ཐོག་སྐབས་ལས་སྣེ་འབྲེལ་ཡོད་རྣམ་པས་དམ་ཅན་སྐུ་མཁར་གྱི་མཆོད་འགྲན་དང་། བསྐང་འཕྲིན་བསྟོད་སྐུལ་མཛད་རྗེས་སྔར་སྲོལ་དབྱངས་ར་ཆེན་མོ་ཉིན་ལྔ་དབུ་འཛུགས་ཞུས། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༤།༡༠།༠༩།ལ།

ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་གཉིས་པ།

༄༅། །དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་གི་སྤྱི་ལོ་ ༢༠༢༤ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དེ་བཞིན། སྤྱི་ལོ་ ༢༠༢༥ ལོའི་ཟླ་ ༡ ཚེས་ ༣༡ ནས་དངོས་སུ་དབུ་འཛུགས་གནང་ཡོད་པ་ལྟར། ཉིན་གཉིས་གསུམ་སོགས་ཀྱི་སྐབས། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༠༣།༣༡།ལ།

དགེ་བཤེས་རྣམས་ལ་བྲིས་རྒྱུགས་ཆེན་མོ།

སྤྱི་ལོ་༢༠༢༤ལོའི་ཟླ་༡༢ཚེས་༡ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གདན་ས་ཆེན་པོ་གསུམ་ནས་སྔགས་ཀྱི་སློབ་གཉེར་ལ་ཆེད་དུ་ཕེབས་པའི་ལྷ་ཚོགས་དགེ་བཤེས་རྣམས་ནས། གསང་ཆེན་རྒྱུད་སྡེ་བཞི་ལ་ཐོས་བསམ་ཉམས་བཞེས་ཀྱི་ཐུགས་བརྩོན་ལྷོད་མེད་མཛད་དེ། རྒྱུད་སྡེ་བཞི་ཡི་གཞུང་ཆེན་ཁག་ནས་ལོ་འཁོར་རྒྱུགས་སྤྲོད་ལས་བྲིས་རྒྱུགས་དབུ་ཚུགས། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༤།༡༢།༠༡།ལ།

ལས་བཞིའི་ཐིག་སོགས་རྒྱུགས་འབུལ།

༄༅། །གསང་ཆེན་དཔལ་ལྡན་སྨད་རྒྱུད་པའི་སྔར་སྲོལ་གནས་མཆོག་ཕྱི་མིག་ལུང་དུ་ཐུན་མོང་མ་ཡིན་པ་གར་ཐིག་དབྱངས་གསུམ་གྱི་ཕྱག་ལེན་ཡིན་པས། སྐྱབས་རྗེ་སྐུ་ཞབས་བླ་མ་མཆོག་དང་བླ་མ་དགེ་བསྐོས་རྣམ་གཉིས་ནས་འདི་ལོའི་བཀའ་རམས་དགེ་བཤེས་ལྷ་ཚོགས་རྣམས་དང་བསྐྱེད་རིམ་པ་རྣམ་པས་བདེ་གསང་འཇིགས་གསུམ་གྱི་དཀྱིལ་འཁོར་དང་ལས་བཞིའི་ཐིག་སོགས་ཀྱི་རྒྱུགས་འབུལ་ལེན་གནང་མཛད། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༤།༡༠།༠༧།ལ།

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Office Email: gyudmedtus@yahoo.co.inWeb Email:  gyudmedtantricuniversity@gmail.com
Website:   www.https://gyudmedtantricuniversity.orgContact No:  Krt +91 0822 246165 (Tibetan Language)