ཚལ་ཆོས་ཐོག་ནི་བོད་ཟླ་དྲུག་པའི་ཚེས་ ༨ ཉིན་གདིང་རྒྱག་གནང་ནས་ཟླ་ཕྱེད་ཙམ་ལ། དཔལ་གསང་བ་འདུས་པའི་བདག་འཇུག་དང་། བསླབ་གྲལ། གསང་འདུས་རྩ་རྒྱུད་ཚར་ཕུད། དགོང་དྲོ་བསྙེན་རྫོགས་བསླབ་གྲལ་ཞེས་པ་རྟེན་འབྲེལ་གྱི་གནད་ཀྱིས་དཔལ་གསང་བ་འདུས་པའི་ལྷ་གྲངས་དང་མཉམ་པའི་དགེ་འདུན་ཞལ་གྲངས་སོ་གཉིས་ཀྱིས་ཚོགས་ནས། དཔལ་གསང་བ་འདུས་པའི་བདག་བསྐྱེད་ཤིན་ཏུ་དལ་བུར་གསུངས་ཏེ། མཚན་ཕུད་གནང་བའི་ཕྱག་སྲོལ་ཡོད།