ཟླ་བ་གཅིག་རིང་ལ་ཟབ་སྦྱོང་སྤྲད་སོང་།

དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭ་རུ་རང་རེའི་བོད་རིགས་སློབ་གྲྭ་ཁག་གི་དབྱར་དང་དགུན་གྱི་གུང་སེང་དང་སྟབས་བསྟུན་ཏེ་སློབ་ཕྲུག་རྣམས་ལ་ནང་ཆོས་དང་སྐད་ཡིག་སོགས་ཀྱི་ཟླ་གཅིག་ཟབ་སྦྱོང་སྤྲོད་བཞིན་འདུག །

རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ནི་སྤྱི་ལོ་ ༢༠༠༧ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་གྲྭ་ཚང་དུ་ཆིབས་བསྒྱུར་གནང་སྐབས་བཀའ་སློབ་ཕེབས་དགོངས་སུ། མི་རིགས་དང་ཕོ་མོ་སོགས་ཀྱིས་དབྱེ་བ་མེད་པར་བོད་ཀྱི་རིག་གནས་ལ་སློབ་གཉེར་བྱེད་སའི་བསྟི་གནས་སློབ་གྲྭ་ཞིག་གསར་འཛུགས་དགོས་པའི་བཀའ་ནན་ཕེབས་པའི་དགོངས་དོན་ལྟར་གསར་འཛུགས་གནང་བ་ཞིག་སྟེ། དགོན་སྡེ་ཞིག་གི་ངོས་ནས་མང་ཚོགས་ལ་བོད་ཀྱི་ཆོས་རིག་གི་ཞབས་འདེགས་ཞུ་བའི་དགོངས་བཞེད་ཡོད་པ་ཞིག་རེད་འདུག ། 

སྐབས་དེའི་སློབ་སྤྱི་ཚེ་རིང་བཀྲིས་ཅན་གྱི་སྐབས་སློབ་ཚན་འཆར་གཞི་དང། སྐལ་ལྡན་སྦྱིན་བདག་ཁག་གི་རོགས་སྐྱོར་འོག་སློབ་ཁང་དང་སྡོད་ཁང་གི་ཨར་ལས་དང་། ཕྱི་ནང་གི་མཐུན་རྐྱེན་རྣམས་ལེགས་པར་གྲུབ་སྟེ་སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༠༤ ཚེས་  ༢༨ ཉིན་སྔོན་འགྲོའི་དབུ་འབྱེད་དང་རབ་གནས་སོགས་གནང་སྟེ་སློབ་གྲྭའི་བྱེད་སྒོ་འགོ་འཛུགས་གནང་ཡོད་འདུག །

སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༠༥ ནས་སློབ་སྤྱི་བློ་བཟང་དམ་ཆོས་ཅན་གྱི་སྐབས་དངོས་སུ་འཛིན་གྲྭ་ཚོགས་ཏེ།  ས་གནས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་ཀྱི་འཛིན་གྲྭ་དང། རང་རེའི་བོད་རིགས་སློབ་གྲྭ་ཁག་གི་གུང་སེང་དང་སྟབས་བསྟུན་གྱིས་ཆོས་རིག་གི་སློབ་སྦྱོང་སྤྲོད་པ། ཆོས་ཀྱི་བགྲོ་གླེང་གི་ཚོགས་འདུ་གོ་སྒྲིག །མི་རིགས་དང་ཕོ་མོ་སོགས་ཀྱི་དབྱེ་བ་མེད་པའི་རྒྱལ་སྤྱིའི་ནང་གི་དོན་གཉེར་ཅན་སུ་ཡིན་རུང་། བོད་ཀྱི་ཆོས་རིག་ལ་དོ་གཉེར་ཅན་རྣམས་ལ་སློབ་སྤྱོང་ཐོག་ཕྱི་ནང་གི་མཐུན་རྐྱེན་དང་འཛིན་གྲྭ་གོ་སྒྲིག་བྱེད་པ་སོགས་གཙོ་ཆེ་༧རྒྱལ་བའི་དགོངས་བཞེད་འགྲུབ་པ་དང།  མང་ཚོགས་ལ་བོད་ཀྱི་ཆོས་དང་རིག་གནས་གཞན་ཐོག་ཞབས་འདེགས་ཞུ་བཞིན་ཡོད་འདུག་ལ་གྲུབ་འབྲས་ཀྱང་གང་ལེགས་ཐོན་བཞིན་ཡོད་འདུག ། 

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)