དིང་རིར་གདུང་སེམས་མཉམ་སྐྱེད།

༄༅། །གསང་ཆེན་དཔལ་ལྡན་སྨད་རྒྱུད་པའི་སྐྱབས་གནས་མཁན་བླ་འདུས་པ་རྒྱ་མཚོ་ཡོངས་ཀྱི་སྙན་དྲུང་དུ། ཀུན་གྱིས་མཁྱེན་ཆུབ་ལྟར་བོད་གངས་ཅན་ལྗོངས་ཀྱི་སྟོད་དིར་རི་དང་གཞིས་ཀ་རྩེ་སོགས་ས་ཁུལ་ཁག་ལ་ས་འགུལ་འཇིགས་པའི་ཁྲོད་དུ།

ཟླ་དྲུག་ཟབ་སྦྱོང་བཅུ་གཅིག་པའི་འཇུག་བསྡོམས།

༄༅། །འཕགས་ཡུལ་ལྷོ་ཕྱོགས་ཀྱི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཡན་ལག་གངས་ཅན་རིག་གནས་སློབ་གྲྭ་རུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་ཀྱི་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱིས་གོ་སྒྲིག་གནང་སྟེ།

གོང་མ་རིན་པོ་ཆེའི་འཁྲུངས་སྐར་ལ་འཚམས་ཞུ།

༄༅། །འཁོན་གདུང་བསྟན་པའི་སྲོག་ཤིང་ཆེན་པོ་དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ཞལ་སྔ་ནས་བསྟན་པ་དང་འགྲོ་བའི་དཔལ་མགོན་ཆེན་པོར་གཟུགས་སྐུ་མཚན་དཔེའི་ལང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་མངོན་པར་བཞད་དེ།

བཀྲ་ཤིས་ཆོས་གླིང་མཁན་པོར་འཚམས་ཞུ།

༄༅། །རྒྱུད་རྒྱལ་འདུས་པའི་བསྟན་ལ་ཞེ་ནས་དད་པའི་དཔལ་ལྡན་སྨད་རྒྱུད་པའི་དགེ་བཤེས་སོག་པོ་ཇོ་ནང་མཁན་ཆེན་ཀུན་བཟང་ཆོས་ཀྱི་གྲགས་པ་རིན་པོ་ཆེ་མཆོག་ཆོས་ལྡན་ཆེན་པོ་ཧོར་གྱི་ཡུལ་གྱི་རྒྱལ་ས་ཨུ་ལ་བྷ་རྡར་ནང་གནས་ཆགས་པའི་

བྱང་འདྲེན་གསར་པ་བསྐོ་བཞག་གནང་།

༄༅། །དཔལ་ལྡན་སྨད་རྒྱུད་པའི་བྱང་འདྲེན་རྒན་པ་ཏྲེ་ཧོར་སྔགས་རམས་པ་བློ་བཟང་ཆོས་གྲགས་མཆོག་འདས་པའི་ལོ་ངོ་ ༡༧ རིང་རིམ་བཞིན་བྱང་འདྲེན་རྒན་གཞོན་གནང་སྟེ། ཉེ་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོར་དགོངས་འཁྲོལ་ཞུས་སྩལ་གྱིས།

དགེ་རྒན་ཉི་མོ་བསུ་བ།

༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་གསང་ཆེན་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱིས་གོ་སྒྲིག་གནང་སྟེ། འཕགས་ཡུལ་ལྷོ་ཕྱོགས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཡན་ལག་གངས་ཅན་རིག་གནས་སློབ་གྲྭ་རུ།

དགུན་ཐོག་ཆོས་རིག་ཟབ་སྦྱོང་ཐེངས་བརྒྱད་པ་དབུ་ཚུགས།

༄༅། །འཕགས་ཡུལ་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་དུ་གནས་ཆགས་པའི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཡན་ལག་གངས་ཅན་རིག་གནས་སློབ་གྲྭ་རུ། སྤྱི་ལོ་ ༢༠༢༥ ཟླ་༡ ཚེས་ ༧ ཉིན་སློབ་གྲྭ་རྣམས་ཀྱི་དགུན་ཁའི་གུང་སེང་དང་སྟབས་བསྟུན་ཏེ།

དགའ་ཁྲི་གསར་པའི་མངའ་གསོལ་རྟེན་འབྲེལ།

༄༅། །མཁས་བཙུན་བཟང་པོའི་ཡོན་ཏན་གྱི་གཏེར་ཆེན་པོར་གྱུར་པ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ཞལ་སྔ་ནས། བོད་རབ་གནས་ཤིང་ཕོ་འབྲུག་ལོའི་ཟླ་བ་ ༡༡ པའི་གྲལ་ཚེས་ ༢༦ གཟའ་སྐར་འཕྲོད་སྦྱོར་རབ་ཏུ་དགེ་བའི་ཉིན་བཟང་པོར།

སྤྱི་ཁྱབ་བློན་ཆེན་གྱི་མ་ཡུམ་ལ་བསྔོ་སྨོན།

༄༅། །ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གི་མ་ཡུམ་ལེགས་སྐྱིད་བཟང་མོ་དམ་པ་དེ་ཉིད་འདས་གྲོངས་སུ་གྱུར་ཏེ་ཞག་ཞེ་དགུ་འཁོར་བའི་དུས་ཚིགས་ལ། གྲྭ་ཚང་ནས་མོན་ཡུལ་དུ་ཆེད་ཕེབས་ཀྱི་གྲྭ་ཚང་གི་ཕྱག་མཛོད་དང་།

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Office Email: gyudmedtus@yahoo.co.inWeb Email:  gyudmedtantricuniversity@gmail.com
Website:   www.https://gyudmedtantricuniversity.orgContact No:  Krt +91 0822 246165 (Tibetan Language)