སྔོན་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་བསྐོར་སྐབས་ལྷའི་དབང་པོ་བརྒྱ་བྱིན་སོགས་ཀྱིས་སངས་རྒྱས་ལ་ཕུལ་བ་ལས་འབྲས་བུ་བཀྲ་ཤིས་པའི་དགེ་མཚན་མང་པོ་ཞིག་བྱུང་ཞིང་། སྟོན་པས་ཀྱང་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་ལྟར་དེང་གི་བར་རྟགས་བརྒྱད་པོ་དེ་གངས་ཅན་པ་ཡོངས་ཀྱིས་གཙུག་ལག་ཁང་དང་། ཡོ་བྱད། གྲོང་ཁྱིམ། སྦྲ་གུར་སོགས་ཀྱི་སྟེང་དུ་རྒྱས་པར་གཟིགས།་་་