དེ་ནས་བརྒྱུད་འདེབས་ལས། ༢༡

༼བྱང་ཆོས་དང་།དགའ་ལྡན་ཁྲིར་ཕེབས།༽

རྒྱལ་བ་གཉིས་པའི་ལུང་རྟོགས་དམ་ཆོས་ཀྱིས།།
བསྟན་པའི་རྒྱན་མཚན་འཛིན་ལ་ཟླ་བྲལ་བ།།
ས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྗེ།།
གདུལ་བྱའི་བློ་མུན་སེལ་ལ་ཕྱག་འཚལ་ལོ།།

ཞེས་གསུངས་པ་ལྟར།དྭགས་པོ་བསྟན་པ་རྒྱལ་མཚན་ནམ་ཆོས་རྒྱལ་བཀྲིས་འདི་པ་སྨད་རྒྱུད་པའི་ཁྲིར་བྱོན།དམ་པ་འདི་དྭགས་ཡུལ་གྲོང་མདར་སྐུ་འཁྲུངས།དྭགས་པོ་གྲ་ཚང་དུ་མདོ་ཡི་གཞུང་ལུགས་དང་སྨད་རྒྱུད་དུ་ཞུགས་ཏེ་གསང་སྔགས་རྡོ་རྗེ་རྣལ་འབྱོར་ལ་བྱང་ཞིང་ཆུབ་པར་མཛད།དེ་ནས་བྱང་རྩེའི་ཁྲི་དང།དེའི་རྗེས་སུ་དགའ་ལྡན་གསེར་ཁྲིར་ཕེབས།ཆོས་འཁོར་བསྐོར་ཅིང་ཁྲི་ཐོག་མཛད་མུས་སུ་གཤེགས་གསུངས།འདི་རྒྱུད་པའི་བརྒྱུད་རིམ་དུ་དྭགས་པོ་ཆོས་རྒྱལ་བཀྲིས་འཁོད་འདུགགོང་འོག་བསྒྲིགས་ནས་མཚན་མི་འདྲ་བ་གཉིས་ཡོད་པ་མིན་ནམ་སྙམ།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)