རྒྱུད་སྨད་ཆོས་ཐོག་གི་གནས་ལ་མོ།

སྟག་རྩེ་རྫོང་ཁོངས་སུ་ཡོད། གནས་འདི་ནི་རྗེ་བཙུན་ཤེས་རབ་སེངྒེ་སྐུ་མྱ་ངན་ལས་འདས་རྗེས་སྐུ་གདུང་ཞུགས་འབུལ་ཞུ་སའི་གནས་ཡིན་པ་དང༌། ལོ་གཅིག་ལ་ལ་མོ་ཆོས་ཐོག་གནས་དེར་ཕེབས་པ་དང༌། བོད་ཟླ་ལྔ་པའི་ཚེས་ ༢ ཉིན་གདིང་རྒྱག་གནང་ནས། ཤིང་སློང་དང༌། བསླབ་གྲལ། གཞན་ཡང་མཁན་རིན་པོ་ཆེས་འགྲེལ་པ་བཞི་སྦྲགས་ཀྱི་བཤད་ཁྲིད་དང༌། ཐུགས་ཐོག་ནས་ཊཱིཀྐ་དང༌། བསྐྱེད་རིམ་བརྩི་བཞག་གནང་རྒྱུ་ཡང་སྔོན་མའི་འཕྲོ་ནས་མུ་མཐུད་དེ་ཡོད།

ལྷ་སར་ཆགས་པའི་རྒྱུད་སྨད་གྲྭ་ཚང་།

གྲྭ་ཚང་འདི་ཉིད་ཐོག་མར་དགའ་ལྡན་དུ་ཕྱག་བཏབ་པ་ཡིན་ལ། དུས་རབས་བཅུ་དྲུག་པའི་སྨད་ནས་གནས་གཞི་ལྷ་སར་ཆགས་པར་འགའ་ཞིག་གིས་བཤད། བོད་ཟླ་དགུ་པར་ལྷ་སར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་མཆོད་ཆེན་མོ་དང་། བོད་ཟླ་བཅུ་པར་ལྷ་སར་གསང་འདུས་ཆོས་ཐོག་གི་གདིང་རྒྱག་གནང་ནས་ཆོས་ཐོག་དང་། བོད་ཟླ་བཅུ་གཉིས་པར་ལྷ་སར་དཔལ་འཁོར་ལོ་བདེ་མཆོག་ཆོས་ཐོག་གི་གདིང་རྒྱག་གནང་ནས་སྒྲུབ་མཆོད་ཆེན་མོ་ཉིན་བཞི་ཚོགས་དགོས།

རྒྱུད་སྨད་ཆོས་ཐོག་གི་གནས་འཕན་པོ།

ལོ་གཅིག་ལ་ལ་མོ་དང་ལོ་གཅིག་ལ་འཕན་པོ་ཆོས་ཐོག་ཏུ་ཕེབས། ལྷ་སའི་བྱང་གི་ཕྱོགས། འཕན་པོ་ཞེས་པའི་མིང་དེ་ནི་བོད་རྒྱལ་གནམ་རི་སྲོང་བཙན་གྱིས་བཏགས་གནང་བ་ཞིག་ཡིན།

བླ་མ་བཟོད་པ་རིན་པོ་ཆེ་གྲྭ་ཚང་དུ་ཕེབས།

སྐྱབས་རྗེ་བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞབས་སོར་འཁོད་དེ། སྤྱི་མཐུན་བསོད་ནམས་འཕེལ་ཕྱིར་གསར་དུ་བཞེངས་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་གི་སྒོ་དབྱེ་རབ་གནས་བྱིན་འབེབས་དང་། གྲྭ་ཚང་འདུས་ཚོགས་ནས་དཔལ་གསང་བ་འདུས་པའི་རྩ་རྒྱུད་གནད་སྨིན་གྱི་ཚོགས་མགོན་དུའང་བཅར་བའི་སྐབས། ༢༠༢༢།༡༠།༡༥། ཉིན།

གངས་ཅན་རིག་གནས་སློབ་གྲྭའི་སྐོར།

རྒྱུད་སྨད་གྲྭ་ཚང་གི་སློབ་གྲྭའི་ཁྱབ་ཁོངས་སུ་གསར་འཛུགས་བྱས་པའི་མི་རིགས་དང་ཕོ་མོ་དབྱེ་བ་མེད་པར་ནང་ཆོས་དང་བོད་ཡིག་སློབ་སྦྱོང་བྱེད་ས་གངས་ཅན་རིག་གནས་སློབ་གྲྭ་དང་འདིའི་མིང་ཡང་ ༧ གོང་ས་མཆོག་གིས་གནང་བ་ཡིན། ད་ལྟའི་བར་དུ་ལོ་རེ་བཞིན་ཟླ་དྲུག་ཟབ་སྦྱོང་བཅུ་ཕྲག་ལྷག་དང་། ཟླ་གཅིག་ཟབ་སྦྱོང་བཅུ་ཕྲག་གཉིས་ལྷག །དེ་བཞིན་དུ་ཕྱི་མི་གང་མང་ལ་སོ་སོའི་འདོད་མོས་བཞིན་ནང་ཆོས་དང་བོད་ཡིག་གི་སློབ་སྦྱོང་སོགས་སྤྲད་ཡོད།

ཆོས་རིག་དབྱར་ཚོགས་ཐེངས་བཅུ་གཉིས་པ།

སྤྱི་ལོ་ ༢༠༢༤ ཕྱི་ཟླ་ ༠༥ ཚེས་ ༡༠ ཉིན་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་རུ་སཾ་བྷོ་ཊ་ཀོ་ལེ་གྷལ་དོན་ལྡན་གླིང་དང་ཧུན་སུར་རབ་རྒྱས་གླིང་སློབ་ཕྲུག་རྣམས་ལ། བོད་ཀྱི་ཆོས་དང་རིག་གཞུང་གི་དབྱར་ཚོགས་ཐེངས་བཅུ་གཉིས་པ་དབུ་འཛུགས་ཞུས་པ།

སྦེལ་ཀོབ་ཏུ་ཤེས་ཡོན་སྐོར་བསྐྱོད་དུ་ཁྲིད།

སྤྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༢ ཉིན་སཾ་བྷོ་ཊ་ཀོ་ལེ་གྷལ་དོན་ལྡན་གླིང་དང་ཧུན་སུར་རབ་གླིང་སློབ་གྲྭ་གཉིས་ཀྱི་སློབ་ཕྲུག་རྣམས་སྦེལ་ཀོབ་ཏུ་ཤེས་ཡོན་སྐོར་བསྐྱོད་དུ་ཁྲིད་གནང་འདུག །

འགྲོ་ཕན་བྱམས་བརྩེ་གླིང་དབུ་འབྱེད།

སྤྱི་ལོ་༢༠༡༠ལོར་སློབ་གྲྭ་དབུ་བརྙེས་པ་ནས་བོད་ཁྱིམ་ཡིག་ཚང་སོགས་དང་འབྲེལ་བ་གནང་སྟེ།སློབ་གྲྭ་ཁག་གི་དབྱར་དགུན་གྱི་གུང་སེང་གཉིས་དང་བསྟུན། ཟླ་བ་གཅིག་རིང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་སློབ་ཕྲུག་བསུ་ལེན་གྱིས།སློབ་ཚན་དང་དགེ་རྒན།བཞུགས་གནས་དང་ཞལ་ལག་ཡིག་ཆས་སོགས་གོ་སྒྲིག་གིས་བོད་ཀྱི་སྐད་ཡིག་དང།རིགས་ལམ།ནང་ཆོས་བཅས་ཀྱི་འཛིན་གྲྭ་འཚོགས་བཞིན་ཡོད། ༢༠༡༠ ལོ།

loadmoduleid 227

རྒྱུད་སྨད་སློབ་གཉེར་ཁང་གི་འཛིན་གྲྭ།

ལོ་རིམ་དང་པོ་བསྡུས་ཆུང་འཛིན་གྲྭ་ནས་ལོ་རིམ་བཅུ་བཞི་པ་སྔགས་རམས་འཛིན་གྲྭའི་བར་འཛིན་གྲྭ་བཅུ་བཞི་ཡོད་པ་དང་།ཆོ་ག་ཕྱག་ལེན་སོགས་སྔོན་སྲོལ་རྒྱུན་འཛིན་ཐོག །མདོ་སྔགས་ཀྱི་སློབ་ཚན་གཙོ་བོ། བསྡུས་གྲྭ་འཛིན་གྲྭ་གསུམ་དང་། དྲང་ངེས། གྲུབ་མཐའ། ཕར་ཕྱིན། སྔགས་ཀྱི་ས་ལམ། དབུ་མ། རྒྱུད་ཀྱི་ཊཱིཀྐ། སྔགས་རིམ་ཆེན་མོ་སོགས་སློབ་ཚན་དུ་ཡོད་ཅིང་། ཉིན་རེ་འཛིན་གྲྭ་ཚོགས་ཏེ་དེ་དག་གི་དཔེ་ཁྲིད་དང་། ཕྱི་དྲོ་ཆོས་རར་རྩོད་པ་གནང་སྟེ་བགྲོ་གླེང་། དམ་བཅའ་ཆེན་མོ་དང་། དཔྱད་རྩོམ་སྒྲོགས་སྦྱངས་དང་དྲི་བ་དྲིས་ལན་སོགས་ཀྱི་བགྲོ་གླེང་ཡང་དུས་ནས་དུས་སུ་བཀོད་སྒྲིག་གནང་བཞིན་ཡོད། 

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)