འགྲོ་ཕན་བྱམས་བརྩེ་གླིང་དབུ་འབྱེད།

སྤྱི་ལོ་༢༠༡༠ལོར་སློབ་གྲྭ་དབུ་བརྙེས་པ་ནས་བོད་ཁྱིམ་ཡིག་ཚང་སོགས་དང་འབྲེལ་བ་གནང་སྟེ།སློབ་གྲྭ་ཁག་གི་དབྱར་དགུན་གྱི་གུང་སེང་གཉིས་དང་བསྟུན། ཟླ་བ་གཅིག་རིང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་སློབ་ཕྲུག་བསུ་ལེན་གྱིས།སློབ་ཚན་དང་དགེ་རྒན།བཞུགས་གནས་དང་ཞལ་ལག་ཡིག་ཆས་སོགས་གོ་སྒྲིག་གིས་བོད་ཀྱི་སྐད་ཡིག་དང།རིགས་ལམ།ནང་ཆོས་བཅས་ཀྱི་འཛིན་གྲྭ་འཚོགས་བཞིན་ཡོད། ༢༠༡༠ ལོ།

རྒྱུད་སྨད་དུ་ཟླ་གཅིག་ཟབ་སྦྱོང་གཉིས་པ།

སློབ་གྲྭ་ཁག་གི་དབྱར་དགུན་གྱི་གུང་སེང་གཉིས་དང་བསྟུན་ཏེ་སློབ་ཕྲུག་རྣམས་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་བསུ་ལེན་གནང་སྟེ། ཟླ་བ་གཅིག་རིང་བོད་ཀྱི་སྐད་ཡིག་དང་། རིགས་ལམ། ནང་ཆོས་བཅས་ཀྱི་སློབ་སྦྱོང་སྤྲོད་བཞིན་ཡོད་པ་དང་། ཕྱོགས་མཐའ་ཁག་ནས་བསུ་ལེན་གནང་བའི་སློབ་ཕྲུག་རྣམས་ཀྱིས་རིགས་ལམ་སློབ་གཉེར་གནང་ཞིང་། དམ་བཅའ་ཚོགས་ཏེ་རིགས་ལམ་སྦྱོང་བ། ༢༠༡༡།༠༦།༠༩། ཉིན།

ཟླ་གཅིག་ཟབ་སྦྱོང་དགུ་པའི་རིཊ་ལམ་རྩོད་རྒྱུགས།

༄༅། །སྤྱི་ལོ་༢༠༢༦ ལོའི་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་བོད་ཁྱིམ་སློབ་གྲྭ་ཁག་ནས་དགུན་ཁའི་ཟླ་གཅིག་ཆོས་རིག་ཟབ་སྦྱོང་སྐབས་དགུ་པ་ལ་འཛུལ་ཞུགས་བྱས་པའི་སློབ་ཕྲུག་རྣམས་ལ་རིགས་ལམ་གྱི་རྩོད་རྒྱུགས་བླངས། ཉིན་གསུམ་པ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༣༡ ལ།

རྒྱུད་སྨད་སློབ་གཉེར་ཁང་གི་འཛིན་གྲྭ།

ལོ་རིམ་དང་པོ་བསྡུས་ཆུང་འཛིན་གྲྭ་ནས་ལོ་རིམ་བཅུ་བཞི་པ་སྔགས་རམས་འཛིན་གྲྭའི་བར་འཛིན་གྲྭ་བཅུ་བཞི་ཡོད་པ་དང་།ཆོ་ག་ཕྱག་ལེན་སོགས་སྔོན་སྲོལ་རྒྱུན་འཛིན་ཐོག །མདོ་སྔགས་ཀྱི་སློབ་ཚན་གཙོ་བོ། བསྡུས་གྲྭ་འཛིན་གྲྭ་གསུམ་དང་། དྲང་ངེས། གྲུབ་མཐའ། ཕར་ཕྱིན། སྔགས་ཀྱི་ས་ལམ། དབུ་མ། རྒྱུད་ཀྱི་ཊཱིཀྐ། སྔགས་རིམ་ཆེན་མོ་སོགས་སློབ་ཚན་དུ་ཡོད་ཅིང་། ཉིན་རེ་འཛིན་གྲྭ་ཚོགས་ཏེ་དེ་དག་གི་དཔེ་ཁྲིད་དང་། ཕྱི་དྲོ་ཆོས་རར་རྩོད་པ་གནང་སྟེ་བགྲོ་གླེང་། དམ་བཅའ་ཆེན་མོ་དང་། དཔྱད་རྩོམ་སྒྲོགས་སྦྱངས་དང་དྲི་བ་དྲིས་ལན་སོགས་ཀྱི་བགྲོ་གླེང་ཡང་དུས་ནས་དུས་སུ་བཀོད་སྒྲིག་གནང་བཞིན་ཡོད། 

བདེ་ཆེན་གསང་སྔགས་མཁར།

བདེ་ཆེན་གསང་སྔགས་མཁར་དགོན་ནི། ད་ལྟའི་སྟག་རྩེ་རྫོང་གི་ཉེ་འགྲམ་དང་། སྔོན་བདེ་ཆེན་རྫོང་ཤུལ་གྱི་རི་འདབས་སུ་དགོན་དེ་མཇལ་རྒྱུ་ཡོད། རྗེ་ཙོང་ཁ་པ་གནས་དེར་ཞབས་བཅགས་ནས་གསང་འདུས་ཀྱི་ཉམས་ལེན་གནང་། སྡེ་པ་སྐྱིད་ཤོད་པས་ཉམས་གསོ་གནང་། བདེ་མཆོག་དང་འཇིགས་བྱེད་ཀྱི་སྐུ་བརྙན་ཡོད་ཀྱང་གསང་འདུས་ཀྱི་སྐུ་བརྙན་མེད་པ་ནི་དགོན་དེ་ཉིད་གསང་བ་འདུས་པ་ཡིན་ཞེས་གསུངས། དགོན་པའི་མཚན་ལའང་གསང་སྔགས་མཁར་ཞེས་གསོལ།

ཊཱིཀྐའི་དགུན་ཆོས་ཀྱི་མཚན་ཕུད་དམ་བཅའ།

༄༅། །གསང་ཆེན་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་བསྟི་གནས་ཆེན་པོ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་རྒྱུད་རྒྱལ་གསང་བ་འདུས་པའི་ཊིཀྐཱ་ཆོས་ཐོག་སྐབས་ལྔ་པ་ཉིན་བཅོ་ལྔ་ཚོགས་ཤིང་དེ་རིང་མཚན་ཕུད་དམ་བཅའ་ཆེན་པོ་ཚོགས་ཏེ་མཇུག་སྒྲིལ་བའི་མཛད་སྒོ་གཟབ་རྒྱས་སྤེལ་བ་གཙོ་བོ་༧རྒྱལ་བའི་གོ་སྟོན་གྱི་མཆོད་སྤྲིན་དུ་དམིགས་སོ། །རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༠༣ ལ།

གངས་ཅན་སློབ་གྲྭ་དབུ་འབྱེད།

སྤྱི་ལོ་ ༢༠༡༡ ལོར་ ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ག་གྲྭ་ཚང་དུ་ཆིབས་བསྒྱུར་གནང་སྐབས་སྤྱི་ཟླ་ ༡༢ ཚེས་ ༧ ཉིན་ ༧ གོང་ས་མཆོག་གིས་རྒྱུད་སྨད་སློབ་གཉེར་ཁང་གི་ཡན་ལག་གངས་ཅན་རིག་གནས་སློབ་གྲྭ་འདི་ཉིད་ལ་རབ་གནས་བྱིན་འབེབས་དང་། དབུ་འབྱེད་བཀའ་དྲིན་བསྐྱངས་ཤིང་།སྐབས་དེར་སློབ་གྲྭའི་ལས་བསྡོམས་ཤིག་ཀྱང་ལྷ་སྙན་སྒྲོན་འབུལ་ཞུས་ཡོད།༢༠༡༡།༡༢།༠༧།ཉིན་གྱི་མཛད་སྒོའི་སྐབས།

གངས་ཅན་སློབ་གྲྭའི་ཟླ་གཅིག་ཟབ་སྦྱོང་།

སྤྱི་ལོ་ ༢༠༡༠ ལོར་སློབ་གྲྭ་དབུ་བརྙེས་པ་ནས་བོད་ཁྱིམ་ཡིག་ཚང་སོགས་དང་འབྲེལ་བ་གནང་སྟེ། སློབ་གྲྭ་ཁག་གི་དབྱར་དགུན་གྱི་གུང་སེང་གཉིས་དང་བསྟུན། ཟླ་བ་གཅིག་རིང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་སློབ་ཕྲུག་བསུ་ལེན་གྱིས། སློབ་ཚན་དང་དགེ་རྒན། བཞུགས་གནས་དང་ཞལ་ལག་ཡིག་ཆས་སོགས་གོ་སྒྲིག་གིས་བོད་ཀྱི་སྐད་ཡིག་དང། རིགས་ལམ། ནང་ཆོས་བཅས་ཀྱི་འཛིན་གྲྭ་འཚོགས་བཞིན་ཡོད། ༢༠༡༠ ལོ།

ཟླ་རེའི་སྐྱོར་སྦྱོང་དང་དམ་བཅའ་ཆེན་མོ།

༄༅། །གསང་ཆེན་སྨད་རྒྱུད་གྲྭ་ཚང་གི་སློབ་གཉེར་བ་རྣམས་ཀྱིས་ཟླ་རེ་ལ་སྐྱོར་སྦྱོང་ཆེན་མོ་རེ་དང་དམ་བཅའ་ཆེན་མོ་རེ་ཚོགས་བཞིན་ཡོད་པ་ལྟར། ཟླ་འདིའི་སྤྱི་ཚེས་ ༡༩ དང་ ༢༢ གཉིས་ལ་སྐྱོར་སྦྱོང་ཆེན་མོ་དང་དམ་བཅའ་ཆེན་མོ་གཉིས་ཚོགས་བཞིན་པ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་༢༠༢༥།༡༡།༡༩.༢༢ལ།

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Office Email: gyudmedtus@yahoo.co.inWeb Email:  gyudmedtantricuniversity@gmail.com
Website:   www.https://gyudmedtantricuniversity.orgContact No:  Krt +91 0822 246165 (Tibetan Language)