གངས་ཅན་རིག་གནས་སློབ་གྲྭ།

སྤྱི་ནོར་༧གོང་ས་༧རྒྱལ་བའི་དབང་པོ་མཆོག་འདི་ག་གསང་ཆེན་སྨད་རྒྱུད་གྲྭ་ཚང་དུ་ཆིབས་ཞབས་བསྒྱུར་ཏེ་རྒྱུད་སྨད་སློབ་གཉེར་ཁང་ལ་རབ་གནས་བྱིན་འབེབས་ཀྱི་སྐབས་སུ། རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་དང་འབྲེལ་བའི་བཀའ་སློབ་གནང་བ་སྙིང་བསྡུས་སུ་བཀོད་པ་ནི། གྲྭ་ཚང་སློབ་གཉེར་ཁང་ [ རྒྱུད་སྨད་སློབ་གྲྭ། ] གི་གནས་སྟངས་ཡག་པོ་འདུག །སྦྱིན་བདག་ཚོ་ལའང་ཐུགས་རྗེ་ཆེ་ཞུ།

རྩ་བའི་སློབ་གཉེར་ཁང་ཆེན་པོ་ཞིག་ཆགས་ཡོད་པ་རེད། གཞི་རྒྱ་ཆེན་པོ་ཆགས་ཡོད་པ་དེ་རྒྱུད་སྨད་གྲྭ་པ་ཁོ་ནའི་ཆེད་དུ་མ་ཡིན་པར། ད་དུང་དེ་ལས་གཞི་རྒྱ་ཆེ་རུ་བཏང་ནས།རབ་བྱུང་ཙམ་མ་ཡིན་པར་ཕྱི་རྒྱལ་དང་བོད་རིགས་སུ་ཡང་མི་རིགས་དང་ཕོ་མོ་སོགས་ཀྱི་དབྱེ་བ་མེད་པར་ནང་ཆོས་ལ་དོན་གཉེར་ཅན་སུས་ཀྱང་སློབ་སྦྱོང་བྱེད་སའི་བསྟི་གནས་སློབ་གྲྭ་ཞིག་གསར་དུ་འཛུགས་ཐུབ་ན་ཡག་པོ་ཡོང་བ་འདུས་གནང་ཞིང་། སློབ་གྲྭའི་བྱེད་སྒོ་ཁག་དབུ་འཛུགས་གནང་སྟེ། ནང་ཆོས་ངོ་སྤྲོད་ཐོག་མ་དེ་སྦེལ་ཀོབ་བོད་ཁྱིམ་ནས་སློབ་ཕྲུག་ལྔ་བཅུ་ཙམ་ཞིག་སློབ་གྲྭར་བསུ་ལེན་གྱིས་ནང་ཆོས་ངོ་སྤྲོད་གནང་ཡོད།

༢༠༡༠ ལོའི་སྤྱི་ཟླ་ ༥ པ་ནས་སློབ་སྤྱི་བློ་བཟང་དམ་ཆོས་སྐབས་དངོས་སུ་འཛིན་གྲྭ་ཚོགས་ཐོག་འཛིན་སྐྱོང་ཚགས་ཚུད་དང་། ས་གནས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་དང་འབྲེལ་ལམ་ཐོག་དུས་ནས་དུས་སུ་མི་མང་བསྡུ་སྐོང་གིས་ནང་ཆོས་ངོ་སྤྲོད་ཀྱི་འཛིན་གྲྭ་འཚོགས་བཞིན་ཡོད་ལ། དེ་ཡང་སྤྱི་ལོ་ ༢༠༡༡ ནས་བཟུང་རེས་གཟའ་ལྷག་པ་འཆར་ཅན་ལ་འབྲེལ་ཡོད་ཧུན་སུར་རབ་རྒྱས་གླིང་མི་མང་སུ་ཕེབས་ལ་ནང་ཆོས་འཛིན་གྲྭ་འཚོགས་བཞིན་ཡོད།

སྤྱི་ལོ་ ༢༠༡༡ ལོར་ ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ག་གྲྭ་ཚང་དུ་ཆིབས་བསྒྱུར་གནང་སྟེ། རིམ་ལྔའི་བཀའ་ཁྲིད་གནང་སྐབས་དང་བསྟུན། སྤྱི་ཟླ་ ༡༢ ཚེས་ ༧ ཉིན་ ༧ གོང་ས་མཆོག་གིས་གངས་ཅན་རིག་གནས་སློབ་གྲྭ་འདི་ཉིད་ལ་རབ་གནས་བྱིན་འབེབས་དང་། དབུ་འབྱེད་བཀའ་དྲིན་བསྐྱངས་ཤིང་། སློབ་གྲྭ་འདིར་ཐོག་མའི་དམིགས་ཡུལ་ལྟར་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པས་དོན་གཉེར་ཅན་རྣམས་ཀྱི་འདོད་དོན་སྐོང་ཐུབ་པ་དགོས་རྒྱུ་དང། ཚན་རིག་དང་ནང་ཆོས་ཀྱི་འབྲེལ་ལམ་སོགས་བཀའ་སློབ་ཕྱག་ཚོད་ཕྱེད་ཙམ་གནང་སྟེ། སློབ་གྲྭ་དངོས་སུ་གྲུབ་པར་བརྟེེན་ཐུགས་དགྱེས་མཉེས་ཆེན་པོ་བྱུང་ཡོད་ལ། སྐབས་དེར་སློབ་གྲྭའི་ལས་བསྡོམས་ཤིག་ཀྱང་ལྷ་སྙན་སྒྲོན་འབུལ་ཞུས་ཡོད།

གཞུང་འབྲེལ་ཟླ་དྲུག་ཟབ་ཁྲིད་འཚོགས་བཞིན་པའི་སྐབས་ཆོས་རིག་ལས་ཁུངས་ཀྱི་བཀའ་འབྲེལ་འོག་ཆོས་བརྒྱུད་རིས་མེད་ཀྱི་མཁས་པ་གདན་ཞུས་ཀྱིས་ནང་དོན་རིག་པའི་སྐབས་བབ་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་གོ་སྒྲིག་ཞུ་བཞིན་ཡོད་ཅིང།དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱིས་གོ་སྒྲིག་ཞུས་ཏེ། སྤྱི་ལོ་ ༢༠༡༤ ནས་ལོ་རེར་གཞུང་འབྲེལ་ཟླ་དྲུག་ཟབ་སྦྱོང་འཚོགས་བཞིན་ཡོད་ལ། ད་ལྟའི་ [ ༢༠༢༣ ] བར་དུ་ཟླ་དྲུག་ཟབ་སྦྱོར་ཐེངས་བཅུ་དང་མཐོ་རིམ་སློབ་མ་བརྒྱ་ཕྲག་བརྒལ་བར་ཟབ་སྦྱོང་སྤྲད་ཡོད་པ་དང་། སློབ་ཚན་ལ་ཆོས་བརྒྱུད་བྱེ་བྲག་པའི་གཞུང་གང་ཡང་མེད་པར་རྒྱ་གཞུང་རང་གི་སྟེང་ནས་སློབ་ཁྲིད་དང་། ཞལ་འདོན་ལྟ་བུ་ལའང་རྒྱ་གར་མཁས་པའི་རྩ་བ་རང་བཀོད་སྒྲིག་བྱས་ཡོད།

སྤྱི་ལོ་༢༠༡༠ལོར་སློབ་གྲྭ་དབུ་བརྙེས་པའི་ལོ་ནས་བཟུང་བོད་ཁྱིམ་ཡིག་ཚང་ཁག་དང་འབྲེལ་ལམ་དང་ཕྱར་གྲུ་མཉམ་འདེགས་ཀྱིས། བོད་ཁྱིམ་དགུན་ཁའི་གུང་སེང་དང་བསྟུན་ཟླ་བ་གཅིག་རིང་གངས་ཅན་རིག་གནས་སློབ་གྲྭར་སློབ་ཕྲུག་བསུ་ལེན་གྱིས། སློབ་ཚན་དང་དགེ་རྒན། བཞུགས་གནས་དང་ཞལ་ལག་ཡིག་ཆས་སོགས་གོ་སྒྲིག་དང་། དབྱར་ཁར་སམ་བྷོ་ཊ་གུང་སེང་དང་བསྟུན་འབྲེལ་ཡོད་གཞིས་འགོ་མཆོག་དང་དགེ་རྒན་ཕ་མའི་ལྷན་ཚོགས་དང་འབྲེལ་ལམ་ཞུས་ཤིང་། དེ་དག་དང་མཉམ་རུབ་ཐོག་ཟླ་བ་གཅིག་རིང་སློབ་ཕྲུག་རྣམས་གངས་ཅན་རིག་གནས་སློབ་གྲྭར་བསུ་ལེན་བྱས་ཏེ། བོད་ཀྱི་སྐད་ཡིག་དང། རིགས་ལམ། ནང་ཆོས་བཅས་ཀྱི་འཛིན་གྲྭ་འཚོགས་བཞིན་ཡོད་ལ། ད་ལྟའི་ [ ༢༠༢༣ ] བར་དུ་དབྱར་ཚོགས་ཟླ་གཅིག་ཟབ་སྦྱོང་ཐེངས་བཅུ་གཅིག་དང་། སློབ་ཕྲུག་བརྒྱ་ཕྲག་བརྒལ་བར་ཟབ་སྦྱོང་སྤྲད་ཡོད་པ་དང་། ཕྱི་རྒྱལ་བ་དོན་གཉེར་ཅན་རྣམས་ལ་ཁོང་ཚོའི་རེ་འདོད་དང་དུས་ཚོད་ལ་དཔགས་པའི་སློབ་ཚན་འཆར་འགོད་དང་གོ་སྒྲིག་བྱས་ཏེ། ལོ་ཁ་ཤས་དང། ཟླ་བ་ཁ་ཤས། ཡང་ན་བདུན་ཕྲག་གཅིག་ཙམ་ལ་སློབ་སྦྱོང་བྱེད་འདོད་ཡོད་པ་དག་ལ་བོད་ཀྱི་སྐད་ཡིག་དང་ནང་ཆོས་ཀྱི་སློབ་སྦྱོང་སྤྲོད་མུས་དང་། གཞན་སློབ་གྲྭ་གཞན་དང་འབྲེལ་ལམ་གནང་སྟེ་ཤེས་ཡོན་ཡར་རྒྱས་དང་ཉམས་མྱོང་བརྗེ་རེས་གནང་བ་དང་། རང་གཞུང་ཤེས་རིག་སོགས་དང་མཉམ་འབྲེལ་གྱིས་དགེ་རྒན་ཟབ་སྦྱོང་དང་། དམིགས་བསལ་སློབ་ཕྲུག་ལ་རིགས་ལམ་སོགས་སློབ་ཁྲིད་གནང་མུས་སུ་ཡོད་དོ། །

༢༠༢༣ ལོའི་འཛིན་གྲྭ་སློབ་ཚན་དང་ཚོགས་དུས་ཀྱི་རེའུ་མིག །[ དཔེ་མཚོན་ཙམ་དུ་བཀོད་པ། ]

ཕྱག་ལེན་རྒན་རྣམས་ནས་དགོང་དྲོའི་སྐྱོར་སྦྱང་དང་། མཚན་ཉིད་དཔེ་ཁྲིད་རྒན་རྣམས་ནས་དགོང་དྲོའི་རྩོད་པ་བཅས་ལ་གཟིགས་རྟོགས་གནང་རྒྱུ།

ཨང་།  སློབ་ཚན་རྒན། སྔ་དྲོ་འཛིན་གྲྭའི་དུས་ཚོད། ཉིན་རྒྱབ་འཛིན་གྲྭའི་དུས་ཚོད།
  ༩:༣༠ - ༡༠:༣༠  ༡༠:༣༠ - ༡༡:༣༠  ༡:༣༠ - ༢:༣༠  ༢:༣༠ - ༣:༣༠  ༣:༣༠ - ༤:༣༠ 
རྒན་བློ་བཟང་འབྲུག་གྲགས། དགེ་བཤེས་རྣམས་ལ་དཔེ་ཁྲིད། དགེ་བཤེས་རྣམས་ལ་དཔེ་ཁྲིད། སྔགས་རམས་འཛིན་གྲྭ་མཚན་ཉིད།
རྒན་བསོད་ནམས་བློ་གྲོས། གངས་ཅན་རིག་གནས་སློབ་གྲྭ། ཊཱིཀྐ་ལོ་རིམ་གཉིས་པ་མཚན་ཉིད།   དབུ་མ་གསར་པ་མཚན་ཉིད ཊཱིཀྐ་ལོ་རིམ་གསུམ་པ་མཚན་ཉིད།
རྒན་ཚོཊ་གཉིས་དངོས་གྲུབ། གངས་ཅན་རིག་གནས་སློབ་གྲྭ།   ཊཱིཀྐ་ཆུང་བ་མཚན་ཉིད། མཛོད་འདུལ་མཚན་ཉིད།  
རྒན་ཡོན་ཏན་ནོར་བུ། གངས་ཅན་རིག་གནས་སློབ་གྲྭ། ཊཱིཀྐ་གསུམ་པ་གློག་ཀླད་འཛིན་གྲྭ། གངས་ཅན་རིག་གནས་སློབ་གྲྭ།   ཕར་ཕྱིན་བཞི་པ་བོད་ཡིག
རྒན་བློ་བཟང་བསྟན་འཛིན།   ཊཱིཀྐ་ཆུང་བ་ཕྱག་ལེན།   ཊཱིཀྐ་ལོ་རིམ་གཉིས་པ་ཕྱག་ལེན།  
རྒན་དམ་ཆོས་ཡར་འཕེལ།   མཛོད་འདུལ་ཕྱག་ལེན།     དགེ་བཤེས་རྣམས་ལ་ཕྱག་ལེན།
རྒན་བློ་བཟང་དར་རྒྱས། བསྡུས་ཆུང་ཀ་ཁ་རི་མོ། བསྡུས་འབྲིང་རི་མོ་འཛིན་གྲྭ།      
རྒན་བློ་བཟང་རབ་འབྱོར།   དབུ་མ་གསར་པ་ཕྱག་ལེན། དགེ་བཤེས་རྣམས་ལ་ཕྱག་ལེན། སྔགས་ས་ལམ་ཕྱག་ལེན།  
རྒན་སྐལ་བཟང་དབང་འདུས།   དབུ་མ་རྙིང་པ་ཕྱག་ལེན།   ཕར་ཕྱིན་བཞི་པ་ཕྱག་ལེན།  
༡༠ རྒན་བློ་བཟང་མཁས་བཙུན།   རྟགས་རིགས་བོད་ཡིག བསྡུས་ཆུང་ཁ་པ་བོད་ཡིག   ཕར་ཕྱིན་གསུམ་པ་བོད་ཡིག
༡༡ རྒན་རིན་ཆེན་དངོས་གྲུབ།   ཕར་ཕྱིན་དང་པོ་མཚན་ཉིད། ཕར་ཕྱིན་བཞི་པ་མཚན་ཉིད། དབུ་མ་རྙིང་པ་མཚན་ཉིད།  
༡༢ རྒན་ཚེ་དབང་འཕྲིན་ལས།   ཕར་ཕྱིན་གཉིས་པ་མཚན་ཉིད། ཕར་ཕྱིན་གསུམ་པ་མཚན་ཉིད། གངས་ཅན་རིག་གནས་སློབ་གྲྭ།  
༡༣ རྒན་བྱམས་པ་སྙན་གྲགས། རྟགས་རིགས་མཚན་ཉིད།   བསྡུས་འབྲིང་མཚན་ཉིད།   བསྡུས་ཆུང་ཀ་ཁ་མཚན་ཉིད།
༡༤ རྒན་བློ་བཟང་ཆོས་གྲུབ།   སྔགས་རམས་པ་རྒྱ་ཡིག ཕར་ཕྱིན་དང་པོ་ཨང་རྩིེས། རྟགས་རིགས་ཨང་རྩིས།  
༡༥ རྒན་བསྟན་འཛིན་དབང་རྒྱལ། བསྡུས་འབྲིང་བོད་ཡིག བསྡུས་ཆུང་ཀ་པ་བོད་ཡིག   ཕར་ཕྱིན་གཉིས་པ་བོད་ཡིག  
༡༦ རྒན་ཉི་མ། ཕར་ཕྱིན་དང་པོ་བོད་ཡིག   སྔགས་ས་ལམ་མཚན་ཉིད།    
༡༧ ཚན་རིག་རྒན།     དབུ་རྙིང་། མཛོད་འདུལ་ཚན་རིག   དབུ་གསར་སྔགས་ས་ལམ་ཚན་རིག
༡༨ རྒན་བསྟན་འཛིན་སངས་རྒྱས། ཕར་ཕྱིན་གསུམ་པ་དབྱིན་ཇི།   རྟགས་རིགས་དབྱིན་ཇི། བསྡུས་འབྲིང་དབྱིན་ཇི། ཕར་ཕྱིན་དང་པོ་དབྱིན་ཇི།
༡༩ རྒན་མིག་དམར་དངོས་གྲུབ།   ཕར་ཕྱིན་བཞི་པ་དབྱིན་ཇི། བསྡུས་ཆུང་ཀ་པ་དབྱིན་ཇི། བསྡུས་ཆུང་ཁ་པ་དབྱིན་ཇི། ཕར་ཕྱིན་གཉིས་པ་དབྱིན་ཇི།
ཕྱག་ལེན་རྒན་རྣམས་ནས་དགོང་དྲོའི་སྐྱོར་སྦྱང་དང་། མཚན་ཉིད་དཔེ་ཁྲིད་རྒན་རྣམས་ནས་དགོང་དྲོའི་རྩོད་པ་བཅས་ལ་གཟིགས་རྟོགས་གནང་རྒྱུ། 

 

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)