རབ་གནས་དགེ་ལེགས་ཆར་འབེབས།

གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་༧རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་དང་བསྟན་སྲིད་བདེ་ཐབས། ཡུལ་ལུང་ཀུན་ཏུ་ནད་མེད་བཀྲ་ཤིས་འབྱུང་བ་སོགས་ལེགས་ཚོགས་སྒོ་བརྒྱར་དམིགས་ཏེ་རབ་གནས་དགེ་ལེགས་ཆར་འབེབས་ཉིན་གསུམ་ལ་ཚོགས་གནང་སོང་།

དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་གཙོ་བོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་ཞབས་རིམ་དང་བསྟན་སྲིད་བདེ་ཐབས། ཡུལ་ལུང་ཀུན་ཏུ་བཀྲ་ཤིས་ཤིང་ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུགས་འཕེལ་བ་སོགས་ལེགས་ཚོགས་སྒོ་བརྒྱར་དམིགས་ནས། བསྟན་པའི་སྣང་འབྱེད་བླ་མ་དབུ་མཛད་མཆོག་དབུ་བཞུགས་ཀྱིས་འདུས་མང་ཡོངས་འཛོམས་གནང་སྟེ། དཔལ་འཁོར་ལོ་བདེ་མཆོག་དང་འབྲེལ་བའི་རབ་གནས་དགེ་ལེགས་ཆར་འབེབས་ཉིན་གསུམ་ལ་སྨིན་ཚོགས་གནང་བ་དང་། ཉིན་གཉིས་པ་དངོས་གཞི་བོད་ཚེས་ ༠༤ ཆོས་འཁོར་དུས་ཆེན་ཉིན་འཁེལ་ཞིང་། ཉིན་དེར་གསང་ཆེན་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་བསྟི་གནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་རྡོ་རྗེ་འཛིན་པ་དགེ་བའི་བཤེས་གཉེན་ཆེན་པོ་ལྷ་རམས་པ་རྒན་བློ་བཟང་འབྲུག་གྲགས་མཆོག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགེ་བསྐོས་བཞེངས་ཏེ། བསྟན་དོན་ལེགས་ཚོགས་ཞུ་སྒོ་ཁག་རྣམ་དག་ལེགས་འགྲུབ་བྱུང་བའི་མཇུག་གི་རྣམ་དཀར་མཆོད་པའི་རྫས་སུ་སྤྲོ་བར། རིག་འཛིན་འདུས་ཚོགས་ཆེན་པོར་བསྙེན་བཀུར་གཟབ་རྒྱས་ལེགས་འབུལ་ཞུ་བ་ལགས་སོ། ། རྒྱུད་སྨད་དྲ་ངོས་རྩོམ་སྒྲིག་པས་༢༠༢༤།༧།༡༠།ལ།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)