རྗེ་ཤེས་རབ་སེངྒེའི་དགོངས་རྫོགས་མཆོད་འབུལ།

དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་དགེ་འདུན་འདུས་པ་རྒྱ་མཚོ་དབུས་གསང་ཆེན་བསྟན་པའི་བདག་པོ་རྗེ་བཙུན་ཤེས་རབ་སེང་གེ་སྐུ་མྱ་ངན་ལས་འདས་ནས་བགྲང་བྱ་ལྔ་བརྒྱ་དང་བདུན་ཅུ་དོན་དགུ་འཁོར་བའི་དགོངས་རྫོགས་མཆོད་འབུལ་གནང་སོང་།

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་དངོས་སློབ་བུ་ཆེན་བཞིའི་ཡ་གྱལ་གསང་བདག་མིའི་རྣམ་རོལ་༧རྗེ་བཙུན་ཤེས་རབ་སེངྒེ་དཔལ་བཟང་པོ་མཆོག །བོད་རབ་གནས་ཤིང་གླང་བོད་ཟླ་ ༠༥ པའི་ཚེས་ ༢༨ ཕྱི་ལོ་ ༡༤༤༥ ལོར་རེ་ཞིག་དགོངས་པ་གཞན་དོན་དུ་གཤེགས་ནས་བགྲང་བྱ་ ༥༧༩ འཁོར་བའི་དགོངས་རྫོགས་ཀྱི་མཆོད་འབུལ་སླད། བོད་ཚེས་ ༢༨ ཆད་པས་ཚེས་ ༢༧ ལ་སྔ་བསྣུར་གྱིས་འདི་ག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སྐྱབས་རྗེ་མཁན་བླ་རྣམ་གཉིས་དབུ་བཞུགས་ཀྱིས་འདུས་མང་ནས་ཚོགས་ཀྱི་འཁོར་ལོ་སོགས་མཆོད་སྤྲིན་རྒྱ་ཆེར་སྤྲོས་ཏེ་སྲུང་བརྩི་གཟབ་རྒྱས་ཞུས།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)