མཆོད་རྟེན་རྣམ་པ་བརྒྱད་ནི།

སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ་ཆེན་པོ་བརྒྱད་དང་དེ་བསྟན་པའི་གནས་ཆེན་བརྒྱད་རྗེས་དྲན་གྱི་ཆེད་དུ་བཞེངས་པའི་ཡོངས་གྲགས་ཀྱི་མཆོད་རྟེན་བརྒྱད་ནི། བྱང་ཆུབ་མཆོད་རྟེན་དང་པད་སྤུངས་མཆོད་རྟེན། སྒོ་མང་མཆོད་རྟེན། ཆོ་འཕྲུལ་མཆོད་རྟེན། ལྷ་བབས་མཆོད་རྟེན། དབྱེན་ཟླུམ་མཆོད་རྟེན། རྣམ་རྒྱལ་མཆོད་རྟེན། མྱང་འདས་མཆོད་རྟེན་དག་ཡིན་ནོ། །རྒྱས་པར་གཟིགས།་་་

བཀྲ་ཤིས་རྟགས་བརྒྱད་དང་དེའི་མཚོན་དོན་ངོ་སྤྲོད།

སྔོན་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་བསྐོར་སྐབས་ལྷའི་དབང་པོ་བརྒྱ་བྱིན་སོགས་ཀྱིས་སངས་རྒྱས་ལ་ཕུལ་བ་ལས་འབྲས་བུ་བཀྲ་ཤིས་པའི་དགེ་མཚན་མང་པོ་ཞིག་བྱུང་ཞིང་། སྟོན་པས་ཀྱང་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་ལྟར་དེང་གི་བར་རྟགས་བརྒྱད་པོ་དེ་གངས་ཅན་པ་ཡོངས་ཀྱིས་གཙུག་ལག་ཁང་དང་། ཡོ་བྱད། གྲོང་ཁྱིམ། སྦྲ་གུར་སོགས་ཀྱི་སྟེང་དུ་རྒྱས་པར་གཟིགས།་་་

གཏོར་མའི་རྣམ་གཞག་ཉིད།

གཏོར་མའི་ཕན་ཡོན་དང༌། ངོ་བོ་དང༌། སྒྲ་བཤད་དང༌། དབྱེ་བ་དང༌། ཕྱེ་བ་སོ་སོའི་ངོས་འཛིན་དང༌། ཆོ་གའི་ཁྱད་པར་དང༌། ཆུ་གཏོར་བྱེ་བྲག་ཏུ་བཤད་པ་དང་བདུན་ལས། དང་པོ་ནི། བྷ་ལིཾ་ཨཱ་ཙརྻའི་ཆོས་སྐྱོང་ཐམས་ཅད་ཀྱི་གཏོར་ཆོག་ལས། བསོད་ནམས་ཀྱི་ཚོགས་གསོག་པ་དང༌། གཏོར་མས་བར་ཆད་ཐམས་ཅད་ཞི་བ་དང༌། གཏོར་མས་འཕྲིན་ལས་རྣམ་བཞི་རྒྱས་པར་གཟིགས།་་་

རབ་བྱུང་དང་གྲངས་གནས་འདྲེན་ཚུལ་ཉིད།

རབ་བྱུང་ཞེས་པ་ཇི་ལྟར་ཡིན་ཞེ་ན། དེའི་རྩིས་གཞི་སྐད་ཅིག་མའི་སྟེང་ནས་ཡིན་པས། དེ་ཡང་ནད་པ་མ་ཡིན་པའི་མིའི་སེ་གོལ་གཅིག་ཏོག་པའི་ཡུན་ལ་དྲུག་ཅུ་རེ་ལྔར་ཕྱེ་བའི་ཆ་གཅིག་གི་ཡུན་ལ་དུས་མཐའི་སྐད་ཅིག་མར་བྱེ་སྨྲས་འདོད། སུམ་བརྒྱ་དྲུག་ཅུ་རེ་ལྔར་ཕྱེ་བའི་གཅིག་གི་ཡུན་ལ་དུས་མཐའི་སྐད་ཅིག་མར་གྲུབ་མཐའ་གོང་མ་རྣམས་འདོད། སྤྱིར་ཐུན་རྒྱས་པར་གཟིགས།་་་

བསྐལ་པའི་སྐོར་གྱི་ངོ་སྤྲོད་ཉིད།

བསྐལ་པ་བཟང་པོ་ཞེས་པ་ནི། སྔོན་འཇིག་རྟེན་ཁམས་ཆུས་འཇིག་པའི་ཚེ་མཚོ་ལས་གསེར་གྱི་པདྨ་སྟོང་བྱུང་བར་གྱུར་ཏེ། དེ་ལ་ལྷ་རྣམས་ཀྱིས་བརྟགས་པས་སངས་རྒྱས་སྟོང་འབྱུང་བའི་ལྟས་སུ་ཤེས་ཏེ་ཀྱེ་མ་བསྐལ་པ་འདི་ནི་བཟང་པོའོ། །ཞེས་བསྒྲགས་པ་ལས་མིང་དུ་ཐོགས་པའོ། །བསྐལ་པ་ལ། འཇིག་བསྐལ་དང་། སྟོང་བསྐལ། ཆགས་བསྐལ། གནས་བསྐལ་ཏེ་རྒྱས་པར་གཟིགས།་་་

བྱ་རྒོད་ཕུང་པོའི་རི་ཉིད།

བྱ་རྒོད་ཕུང་པོ་རི་ནི། ས་ལུ་ལྗང་བའི་མདོ་ལས། བྲག་བྱ་རྒོད་ཀྱི་མགོའི་དབྱིབས་འདྲ་བར་ཡོད་པས་དེ་ལྟར་བཏགས་པར་གསུངས། ལོ་རྒྱུས་ཁ་ཅིག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤེར་ཕྱིན་གྱི་མདོ་གསུངས་པའི་ཚེ་ཞིང་གཞན་ནས་བྱང་ཆུབ་སེམས་དཔའ་མང་པོ་བྱ་རྒོད་ཀྱི་རྣམ་པར་སྤྲུལ་ནས་ཆོས་ཉན་པར་འོངས་པས། བྱ་རྒོད་ཕུང་པོའི་རི་ཞེས་བཤད་པའང་ཡོད། རྒྱས་པར་གཟིགས།་་་

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)