སེར་བྱེས་རྒྱུད་སྟོད་དགེ་བཤེས་མཁས་གྲུབ་ནོར་བཟང་མཆོག་ནི། ཀོང་པོ་རྒྱ་མདའ་རྗོང་གི་མངའ་འོག་ཉང་པོ་གཞི་ནང་ཞེས་པའི་ཁུལ་དུ་སྤྱི་ལོ་ ༡༩༣༧ ལོར་སྐུ་འཁྲུངས། དགུང་ལོ་བཅོ་ལྔའི་སྐབས་དགའ་ལྡན་བྱང་རྩེའི་ཆོས་སྒོར་ཞུགས་ཏེ་ཆོས་སྤྱོད་སོགས་བློ་འཛིན་དང་གཞུང་ཆེན་སློབ་གཉེར་གྱི་དབུ་ཚུགས། དགུང་ལོ་ཉི་ཤུ་ལ་སོན་སྐབས་འཛིན་གྲྭའི་སྐྱོར་དཔོན་གནང་བས་རྒན་སྐྱོར་དཔོན་ཞེས་གྲགས། ༡༩༥༨ ལོར་༧གོང་ས་རྒྱལ་བའི་དབང་པོ་མཆོག་ཚོགས་ཕེབས་ཀྱི་དབུས་སུ་དགའ་ལྡན་ཡངས་པ་ཅན་དུ་ཚད་མ་རྣམ་འགྲེལ་གྱི་དམ་བཅའ་བ་གནང་། ༡༩༥༩ལོར་འཕགས་ཡུལ་དུ་ཕེབས་ཏེ་ཐོག་མར་སྦག་ས་ཆོས་སྒར་དུ་ལོ་ངོ་བཅུའི་རིང་སློབ་གཉེར་མུ་མཐུད་དུ་གནང། ༡༩༦༤ལོར་ཕར་ཕྱིན་དམ་བཅའ་བཞག་རྗེས་འཕགས་ཡུལ་ལྷོ་ཕྱོགས་མོན་གྷོ་གཞིས་ཆགས་སུ་ཕེབས་ནས་སློབ་གཉེར་གྱི་འཕྲོ་བསྐྱངས། དགུང་ལོ་ཞེ་གཉིས་པར་དབུ་མ་དགོངས་པ་རབ་གསལ་གྱི་བཤད་ཆེན་དང་འབྲེལ་བའི་མདོ་རམས་པའི་དམ་བཅའ་བཞག །༡༩༨༠ནས་༡༩༨༦བར་ལོ་བདུན་རིང་དགེ་ལུགས་རྒྱུགས་སྤྲོད་ལ་ཞུགས་ཏེ་འཛིན་གྲྭ་སོ་སོར་གནས་རིམ་དང་པོར་སོན། དགུང་ལོ་ཞེ་དགུའི་སྐབས་རྡོ་རྗེ་གདན་དུ་ལྷ་རམས་པའི་དམ་བཅའ་བཞག་ཅིང་དེ་ལོར་གདན་ས་གསུམ་དུ་སྨོན་ལམ་གྲྭ་སྐོར་གནང། ༡༩༨༩ལོར་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་གསང་སྔགས་ཀྱི་གཞུང་ལ་སློབ་གཉེར་གནང་ཞིང་། སྔགས་ཀྱི་རྒྱུགས་སྤྲོད་སྐབས་ཨང་རིམ་དང་པོའི་མཚན་གནས་བཞེས། ༡༩༩༤ལོར་ཊཱིཀྐའི་སྐྱོར་དཔོན་དང་དགེ་བསྐོས་མཉམ་དུ་འཁེལ། ༡༩༩༦ལོ་ནས་ལོ་གསུམ་རིང་རྒྱུད་པའི་བླ་མའི་ཐུགས་འགན་བཞེས། ༡༩༩༩ལོའི་ཟླ་༩ཚེས་༡༤ཉིན་སྨད་རྒྱུད་པའི་མཁན་ཁྲིར་ཕེབས། ༡༩༧༨ནས་དོན་གཉེར་ཅན་མང་པོར་གཞུང་ཆེན་དཔེ་ཁྲིད་གྱིས་མཚོན་ཟབ་ཆོས་མང་དུ་གནང་མུར་སྐུ་ཚེ་མཛད་འཕྲིན་མཐའ་འཁྱོལ་བར་མཛད།།
གྲུབ༌དབང༌སངས༌རྒྱས༌མཉན་པ་རིན༌པོ༌ཆེ་སྐུ་ཕྲེང་བཅུ་པ་མཆོག་ནི། སྤྱི་ལོ་ ༡༩༦༤ ལོར་ཆོས་ལྡན་འབྲུག་ཡུལ་གྱི་ས་གནས་སྤ་གྲོ་སྟག་ཚང་ཞེས་པར་ཡབ་སངས་རྒྱས་ལེགས་པ་དང་། ཡུམ་ཀརྨ་ཚེ་དབང་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་གིས་སངས་རྒྱས་མཉན་པ་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། རྒྱལ་དབང་མཆོག་གིས་ཀརྨ་དཔལ་ལྡན་རང་བྱུང་འཕྲིན་ལས་ཀུན་ཁྱབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གསོལ། སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་བཀའ་གནང་བ་ལྟར། རྒྱལ་དབང་ཀརྨ་པའི་གདན་ས་འབྲས་ལྗོངས་རུམ་བཏེག་དགོན་པར་ཕེབས་ཤིང་། དེ་གར་བཞུགས་ཁྲིར་མངའ་གསོལ་གནང་། དགུང་ལོ་དྲུག་གི་སྐབས་རྒྱལ་དབང་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་གིས་ཐོག་མར་ཀ་ཁ་བསླབས་གནང་ཞིང་། དེ་ནས་བཟུང་སྟེ་གྲྭ་རྐྱང་དཀྱུས་མ་ལྟར་ནང་ཆོས་སློབ་གཉེར་གྱི་དབུ་བཙུགས། རྒྱལ་དབང་ཀརྨ་པ་མཆོག་དང་། འབྲི་གུང་མཁྱེན་བརྩེ་རིན་པོ་ཆེ་སོགས་བསྟེན་ནས་དབང་བཀའ་ཕྱག་ཆེན་སོགས་ཟབ་ཆོས་མང་དུ་ཞུས་པ་དང་། དགེ་ཚུལ་གྱི་སྡོམ་པ་སོགས་ཀྱང་མནོས། རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་གི་མཐོ་རིམ་བཤད་གྲྭ་ཆེན་མོ། ཀརྨ་ཤྲཱི་ནཱ་ལནྡཱ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ལོ་ངོ་བཅུ་ལྷག་ལ་སློབ་གཉེར་གནང་སྟེ་ཨ་ཙ་རྱའི་མཚན་གནས་བཞེས། དེ་རྗེས་ལོ་གསུམ་ལྷག་ལ་སློབ་གཉེར་ཁང་དེར་ཁྲིད་སོགས་གནང་སྟེ་བཞུགས་པ་དང་། རིས་སུ་མ་ཆད་པའི་བླ་མ་མང་པོ་ལས་ཀྱང་མདོ་སྔགས་ཀྱི་གཞུང་ཁྲིད་ལུང་མན་ངག་སོགས་གསན་བསམ་གནང་། དེ་ནས་བལ་ཡུལ་གྱི་བན་ཆེན་གདན་སར་བཞུགས་ཏེ་བཤད་གྲྭའི་སློབ་གཉེར་བ་རྣམས་ལ་ཁྲིད་སོགས་གནང་བ་དང་། རྒྱུན་དུ་ཕྱི་ནང་གི་དོན་གཉེར་ཅན་གང་མང་ལ་ཟབ་ཆོས་མང་དུ་སྩོལ་མུར་བཞུགས་པ་ལགས་སོ། །
འབྲས་བློ་གླིང་དགེ་བཤེས་རྒན་ཡེ་ཤེས་ཐབས་མཁས་མཆོག་ནི། སྤྱི་ལོ་ ༡༩༦༤ ལོར་ཆོས་ལྡན་འབྲུག་ཡུལ་གྱི་ས་གནས་སྤ་གྲོ་སྟག་ཚང་ཞེས་པར་ཡབ་སངས་རྒྱས་ལེགས་པ་དང་། ཡུམ་ཀརྨ་ཚེ་དབང་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་གིས་སངས་རྒྱས་མཉན་པ་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། རྒྱལ་དབང་མཆོག་གིས་ཀརྨ་དཔལ་ལྡན་རང་བྱུང་འཕྲིན་ལས་ཀུན་ཁྱབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གསོལ། སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེས་བཀའ་གནང་བ་ལྟར། རྒྱལ་དབང་ཀརྨ་པའི་གདན་ས་འབྲས་ལྗོངས་རུམ་བཏེག་དགོན་པར་ཕེབས་ཤིང་། དེ་གར་བཞུགས་ཁྲིར་མངའ་གསོལ་གནང་། དགུང་ལོ་དྲུག་གི་སྐབས་རྒྱལ་དབང་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་གིས་ཐོག་མར་ཀ་ཁ་བསླབས་གནང་ཞིང་། དེ་ནས་བཟུང་སྟེ་གྲྭ་རྐྱང་དཀྱུས་མ་ལྟར་ནང་ཆོས་སློབ་གཉེར་གྱི་དབུ་བཙུགས། རྒྱལ་དབང་ཀརྨ་པ་མཆོག་དང་། འབྲི་གུང་མཁྱེན་བརྩེ་རིན་པོ་ཆེ་སོགས་བསྟེན་ནས་དབང་བཀའ་ཕྱག་ཆེན་སོགས་ཟབ་ཆོས་མང་དུ་ཞུས་པ་དང་། དགེ་ཚུལ་གྱི་སྡོམ་པ་སོགས་ཀྱང་མནོས། རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་གི་མཐོ་རིམ་བཤད་གྲྭ་ཆེན་མོ། ཀརྨ་ཤྲཱི་ནཱ་ལནྡཱ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ལོ་ངོ་བཅུ་ལྷག་ལ་སློབ་གཉེར་གནང་སྟེ་ཨ་ཙ་རྱའི་མཚན་གནས་བཞེས། དེ་རྗེས་ལོ་གསུམ་ལྷག་ལ་སློབ་གཉེར་ཁང་དེར་ཁྲིད་སོགས་གནང་སྟེ་བཞུགས་པ་དང་། རིས་སུ་མ་ཆད་པའི་བླ་མ་མང་པོ་ལས་ཀྱང་མདོ་སྔགས་ཀྱི་གཞུང་ཁྲིད་ལུང་མན་ངག་སོགས་གསན་བསམ་གནང་། དེ་ནས་བལ་ཡུལ་གྱི་བན་ཆེན་གདན་སར་བཞུགས་ཏེ་བཤད་གྲྭའི་སློབ་གཉེར་བ་རྣམས་ལ་ཁྲིད་སོགས་གནང་བ་དང་། རྒྱུན་དུ་ཕྱི་ནང་གི་དོན་གཉེར་ཅན་གང་མང་ལ་ཟབ་ཆོས་མང་དུ་སྩོལ་མུར་བཞུགས་པ་ལགས་སོ། །