༢༠༢༥ ལོའི་འཕྲིན་གསར་ཕྱོགས་བཏུས་བཞི་པ།

༢༠༢༥ ལོའི་འཕྲིན་གསར་ཕྱོགས་བཏུས་བཞི་པ།

༄༅། །གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ལ་ལོ་རེར་སྒྲུབ་མཆོད་ཆེན་མོ་གསུམ་ཡོད་པ་ལས་དེ་གསུམ་གྱི་ཡ་གྱལ་དཔལ་གསང་བ་འདུས་པའི་སྒྲུབ་མཆོད་ཆེན་མོའི་ཚོགས་དུས་ལ་ཁེལ་བས། སྤྱི་ལོ་ ༢༠༢༥ ལོའི་ཟླ་ ༡༡ ཚེས་ ༢༤ ཉིན་ནས་དཔལ་གསང་བ་འདུས་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་སྒྲུབ་མཆོད་ཚོགས་བཞིན་པ་ལས་ཉིན་དང་པོར་འདུས་ཚོགས་ཀྱིས་རྡུལ་ཚོན་དང་

འབྲེལ་བའི་བདག་འཇུག་བླངས། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༡༡།༢༤ ལ།

༄༅། །འཁོན་རིགས་གསེར་རིིའི་འཕྲེང་བ་འཛིན་པ་བྱང་སེམས་ཆེན་པོ་ཁྱབ་བདག་འཁོར་ལོའི་མགོན་པོ་ས་སྐྱ་ཁྲི་ཆེན་༧གོང་མ་རིན་པོ་ཆེ་མཆོག་ད་ལམ་ལྷོ་ཕྱོགས་སྦེལ་ཀོབ་ཁུལ་དུ་ཆིབས་བསྒྱུར་འཁོད་པའི་སྐབས་བསྟུན་གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་མཛོད་གསར་རྙིང་དང་གྲྭ་ཚང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྐུ་ཞབས་བླ་མ་དབུ་མཛད་བཅས་པར་དྲུང་མཇལ་གསོལ་འདེབས་ཞལ་བཞེས་བཀའ་དྲིན་ཐོབ་པའི་འོག་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་བརྟན་གྱི་གསོལ་འདེབས་དང། འབྱུང་འགྱུར་མཛད་རིམ་ལྷོད་བྱུང་གང་དུ་འདི་ག་གྲྭ་ཚང་དུའང་ཞབས་སོར་བཀའ་དྲིན་ཡོང་བའི་གསོལ་འདེབས་བཅས་ཀྱི་གོ་སྐབས་བཟང་སྨིིན་བྱུང་བའོ། །རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༡༡།༡༥ ལ།

༄༅། །ཞྭ་སེར་བསྟན་པའི་གསལ་བྱེད་རིག་ཀུན་འཁོར་ལོའི་མངའ་བདག་དོན་གྱི་སླད་དུ་མཚན་ནས་སྨོས་ན་བཀའ་དྲིན་ཟླ་མེད་དགའ་ལྡན་ཁྲི་ཟུར་དམ་པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་རེ་ཞིག་གཟུགས་སྐུའི་བཀོད་པ་བསྡུས་པའི་ཚུལ་བཞེས་ཏེ། དེ་རིང་འདས་ཞག་སྐུ་ཚིག་བདུན་པ་འཁེལ་བས་གང་གི་བུ་སློབ་དཔལ་ལྡན་སྨད་རྒྱུད་པའི་ཆོག་གྲྭ་ཧྲག་བསྡུས་ནས་བླ་བྲང་དུ་དཔལ་གསང་བ་འདུས་པའི་བདག་འཇུག་བཞེས་ཤིང་། འདུས་མང་ཚོགས་ཡོངས་ནས་དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་གཉིས་པ་དག་ཕུད་གནད་སྨིན་ཐོག་ཁྲི་ཟུར་བླ་བྲང་ནས་བསྙེན་བཀུར་དང་ཡོན་འགྱེད་གྱ་ནོམ་ཞུས་ཏེ། ཞིང་གཤེགས་རྗེ་བཙུན་དམ་པའི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ཏེ་སླར་ཡང་སྙིགས་དུས་བསྟན་འགྲོའི་ཐུགས་ཁུར་ཐེག་པའི་ཡང་སྲིད་ཟླ་གཞོན་གསར་པའི་མཚན་དཔེ་འཁྲུལ་བྲལ་གང་མྱུར་བཞད་པའི་དམ་ཚིག་སྨོན་ལམ་བཟང་པོས་མཚམས་སྦྱར། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༡༡།༡༣ ལ།

༄༅། །གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་འདུས་མང་ཡོངས་ཀྱི་རྒྱུན་འཚོའི་ཞལ་ལག་ལྟོ་དོད་མ་དངུལ་གསོལ་རས་གནང་མཁན་བཀའ་དྲིན་ཤིན་ཏུ་ཆེ་བ་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མཆོག་ (FPMT) ཆོས་ཚོགས་ནས་ཐུགས་འགན་བཞེས་ཏེ། གྲྭ་ཚང་ལ་ལྟོ་དོད་མ་དངུལ་གནང་འབྱོར་བྱུང་བར་སྦྱིན་བདག་འབྲེལ་ཡོད་རྣམ་པར་ཐུགས་རྗེ་བཀའ་དྲིན་ཆེ་ཞུའི་མཛད་སྒོ་སྟབས་བདེ་ཞིག་ཚོགས་པའི་སྐབས། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༡༡།༡༢ ལ།

༄༅། །སྤྱི་ལོ་ ༢༠༢༥ ལོར་གསང་ཆེན་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་བསྟི་གནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གདན་ས་གསུམ་ནས་གསང་སྔགས་ཉམས་བཞེས་ཀྱིས་ཆོས་ཐོག་འགྲིམས་པའི་དགེ་བཤེས་རྣམས་ཀྱིས་ལོ་གཅིག་གི་རིང་ལ་གསང་སྔགས་ཀྱི་གཞུང་ཆེན་ཁག་ལ་ཐུགས་གཉེར་གནང་སྟེ། ལོ་འཁོར་སྔགས་ཀྱི་རྩོད་རྒྱུགས་ཆེན་མོ་དང་གདན་ས་ཁག་ནས་ཕེབས་པའི་མཁན་རིན་པོ་ཆེ་དང་མཁན་ཚབ་རྣམས་ཀྱིས་རྒྱུགས་བཞེས་གནང་བ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༡༡།༡༢ ལ།

༄༅། །སྤྱི་ལོ་ ༢༠༢༥ ལོར་གསང་ཆེན་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་བསྟི་གནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གདན་ས་གསུམ་ནས་གསང་སྔགས་ཉམས་བཞེས་ཀྱི་ཆོས་སྐོར་དགེ་བཤེས་རྣམས་ཀྱིས་ལོ་གཅིག་རིང་ཐུགས་དམ་ཉམས་བཞེས་གནང་བའི་འབྲས་རྟགས་མཆོད་པའི་སྤྲིན་བཟང་སྤྲོ་ཕྱིར་དེ་རིང་རིམ་གཉིས་རྡོ་རྗེ་ཐེག་པའི་གཞུང་དོན་དང་། གྲྭ་ཚང་འདི་ཉིད་ཀྱི་མཐོང་བརྒྱུད་ཕྱག་ལེན་དང་བཅས་པའི་བྲིས་རྒྱུགས་འབུལ་བཞིན་ཡོད། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༡༡།༡༡ ལ།

༄༅། ། སྤྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༠༢ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཚོགས་དབུས་སུ་སྤྱི་ལོ་ ༢༠༢༤ ལོའི་གཞུང་ཆེན་དབུ་མ། ཕར་ཕྱིན། ཚད་མ་གསུམ་གྱི་སློབ་ཐར་སོན་པའི་སློབ་གཉེར་བ་རྣམས་ལ་ནང་པའི་སློབ་གཉེར་ཁང་ནས་དབུ་ཕར་ཚད་གསུམ་གྱི་རབ་འབྱམས་པའི་ཕྱག་འཁྱེར་ཕུལ་བཞིན་པའི་བརྙན་པར་ཁག་འབྲེལ་ཡོད་རྣམས་ཀྱི་སྤྱན་ལམ་དུ་ཕུལ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༡༡།༠༢ ལ།

༄༅། །གསང་ཆེན་དཔལ་ལྡན་སྨད་རྒྱུད་པའི་རིག་པ་འཛིན་པ་འདུས་པའི་ཚོགས་ཆེན་པོས་འཇམ་དཔལ་གཤིན་རྗེ་གཤེད་ལ་བརྟེན་པའི་སྒོ་ནས་ལྕགས་མཁར་དྲུག་ཅུ་རྩ་བཞིའི་མངོན་ཆོག་ཧོམ་སྲེག་ཟོར་འཕེན་དང་བཅས་པ་བསྟན་དགྲ་ཕྱེ་མར་སྲེག་པའི་ལས་ཆོག་དེ་རིང་ནས་ཉིན་གསུམ་རིང་བརྩམས་པ་འདི་ཡང་༧རྒྱལ་བའི་སྐུ་ཕྱྭ་གཙོ་བོར་བྱས་བོད་བསྟན་སྲིད་བདེ་ཐབས་དང་བཅས་པའི་རིམ་འགྲོར་དམིགས་སོ། །རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༡༡།༧།༨།༩ ལ།

༄༅། །དེ་རིང་ཁྲི་ཟུར་རྗེ་བཙུན་དམ་པའི་འདས་ཞག་སྐུ་ཚིགས་དྲུག་པ་འཁེལ་བ་དང་དཔལ་ལྡན་སྨད་རྒྱུད་པའི་འདུས་མང་ཚོགས་ཡོངས་ནས་འདས་མཆོད་དུ་དཔལ་གསང་བ་འདུས་པའི་རྩ་རྒྱུད་སྨོན་ལམ་དག་ཐོན་གནད་སྨིན་སོང་ཞིང་ཁྲི་ཟུར་བླ་བྲང་ནས་ཀྱང་འདུས་ཚོགས་སུ་བསྙེན་བཀུར་ཡོན་འགྱེད་ཞུས་གནང་། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༡༡།༠༦ལ།

༄༅། །གསང་ཆེན་དཔལ་ལྡན་སྨད་རྒྱུད་པའི་ཕྱག་ལེན་གཙོ་ཆེན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་མཆོད་ཆེན་མོ་དེ་རིང་ཉིན་བཞི་པ་དང་མཇུག་ཆོག་ཏུ་དཀྱིལ་འཁོར་ལྷ་ཚོགས་མེ་ལྷའི་གཞལ་ཡས་ཁང་དུ་གདན་དྲངས་མཆོད་པས་མཉེས་པར་བྱེད་པའི་ཞི་བའི་སྦྱིན་སྲེག་བསྟར་འབུལ་དང་བཅས་པ་ལེགས་པར་གྲུབ་བོ། ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༡༡།༠༢ལ།

༄༅། །དེ་རིང་ཁྲི་ཟུར་རྗེ་བཙུན་དམ་པའི་འདས་ཞག་སྐུ་ཚིགས་ལྔ་པ་འཁེལ་བ་དང་དཔལ་ལྡན་སྨད་རྒྱུད་པའི་འདུས་མང་ཚོགས་ཡོངས་ནས་འདས་མཆོད་དུ་དཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་པ་ཆེན་པོའི་རྡུལ་མཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་བདག་འཇུག་གནད་སྨིན་སོང་ཞིང་ཁྲི་ཟུར་བླ་བྲང་ནས་ཀྱང་འདུས་ཚོགས་སུ་བསྙེན་བཀུར་ཡོན་འགྱེད་ཞུས་གནང་། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༡༠།༣༠ལ།

༄༅། །དེ་རིང་ཁྲི་ཟུར་རྗེ་བཙུན་དམ་པའི་འདས་ཞག་སྐུ་ཚིགས་བཞི་པ་འཁེལ་བ་དང་དཔལ་ལྡན་སྨད་རྒྱུད་པའི་ཆོག་གྲྭ་ཧྲག་འདུས་གཅིག་ནས་ཁྲི་ཟུར་བླ་བྲང་དུ་དཔལ་གསང་བ་འདུས་པའི་བདག་འཇུག་དང་འདུས་མང་ཡོངས་ནས་འདས་མཆོད་འབུལ་དུ་གསང་འདུས་རྩ་རྒྱུད་དག་ཐོན་ཐོག་མྱུར་བྱོན་གསོལ་འདེབས་ལྷ་མཆོག་ཐུབ་དབང་མ་ཡང་ཚོགས་སུ་འུར་འདོན་ཞུས་སོ། །རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༥།༡༠།༢༣ལ།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Office Email: gyudmedtus@yahoo.co.inWeb Email:  gyudmedtantricuniversity@gmail.com
Website:   www.https://gyudmedtantricuniversity.orgContact No:  Krt +91 0822 246165 (Tibetan Language)