༄༅། །གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ནས་ལོ་རེར་དབྱར་ཁ་དང་དགུན་ཁར་ཟླ་གཅིག་གི་རིང་ལ་ཆོས་རིག་ཟབ་སྦྱོང་སྤྲོད་བཞིན་ཡོད་པ་ལྟར། སྤྱི་ལོ་༢༠༢༦ ལོའི་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་བོད་ཁྱིམ་སློབ་གྲྭ་ཁག་ནས་དགུན་ཁའི་ཟླ་གཅིག་ཆོས་རིག་ཟབ་སྦྱོང་སྐབས་དགུ་པ་ལ་འཛུལ་ཞུགས་བྱས་པའི་སློབ་ཕྲུག་རྣམས་ལ་ནང་ཆོས་ཀྱི་བྲིས་རྒྱུགས་བླངས།
ཉིན་གཉིས་པའི་སྔ་དྲོ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༣༠ ལ།
༄༅། །སྤྱི་ལོ་༢༠༢༦ ལོའི་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་བོད་ཁྱིམ་སློབ་གྲྭ་ཁག་ནས་དགུན་ཁའི་ཟླ་གཅིག་ཆོས་རིག་ཟབ་སྦྱོང་སྐབས་དགུ་པ་ལ་འཛུལ་ཞུགས་བྱས་པའི་སློབ་ཕྲུག་རྣམས་ལ་སྐད་ཡིག་[ རྟགས་འཇུག་དང་ལེགས་བཤད་ལྗོན་དབང་། ] གི་རྒྱུགས་སྤྲོད་གནང་། ཉིན་དང་པོའི་སྔ་དྲོ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༢༩ ལ།
༄༅། །དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་གི་སློབ་གཉེར་བ་རྣམས་ཀྱི་སྤྱི་ལོ་ ༢༠༢༥ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ། ཉིན་གསུམ་པ། སྔ་དྲོ། དཀར་རྒྱན་སོགས། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༢༨ ལ།
༄༅། །དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་གི་སློབ་གཉེར་བ་རྣམས་ཀྱི་སྤྱི་ལོ་༢༠༢༥ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ། ཉིན་གཉིས་པ་བྲིས་རྒྱུགས། སྔ་དྲོ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༢༧ ལ།
༄༅། །དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དབུ་འཛུགས་གནང་། རྒྱུགས་སྤྲོད་ཉིན་དང་པོ་རྩོད་རྒྱུགས། སྔ་དྲོ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༢༦ ལ།
༄༅། །དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ཞེས་ཡོངས་སུ་གྲགས་པ་འདི་ཡི་ལོ་རེའི་སྒྲུབ་མཆོད་ཆེན་མོ་གསུམ་གྱི་ཡ་གྱལ་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་མཆོད་ཆེན་མོའི་དུས་ལ་འཁེལ་བས་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་བདག་འཇུག་ཉིན་བཞི་ཡི་རིང་ཚོགས་དགོས་པ་ལས་དེ་རིང་སྒྲུབ་མཆོད་ཉིན་དང་པོར་དགེ་འདུན་འདུས་པའི་སྡེས་ཞལ་འདོན་སོགས་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ཕྱག་བཞེས་མ་ཉམས་པར་རྒྱུན་སྐྱོང་གནང་། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༢༠ ལ།
༄༅། །སྤྱི་ལོ་ ༢༠༢༦ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་གི་སྒྲིག་འཛུགས་རྒན་གཉིས་དང་། གྲྭ་ཚང་གི་ཡན་ལག་མོན་རྟ་དབང་མཚོ་གསུམ་འགྲོ་ཕན་བྱམས་བརྩེ་གླིང་གྲྭ་ཚང་གི་མཁན་པོ་སྐབས་གཉིས་པ་བཅས་འདུས་མང་ནས་འོས་འདེམས་བྱུང་བ་རྣམ་པ་གསུམ་ལ་གྲྭ་ཚང་འདུས་སྤྱི་ལྷན་ཁང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ༢༠༢༦།༠༡།༢༠ལ།རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༢༠ ལ།
༄༅། །སྤྱི་ལོ་ ༢༠༢༦ ལོའི་ཟླ་བ་དང་པོའི་ཚེས་ ༡༦ ཉིན། ཇཱ་ནི་སི་ཧུའུ་ཡིན་དང་ཧེ་ལེན་གཉིས་གྲོགས་པོ་དང་མཉམ་དུ་གསང་ཆེན་སྨད་རྒྱུད་གྲྭ་ཚང་གི་སློབ་གྲྭར་གཟིགས་སྐོར་ལ་ཕེབས་ནས་སློབ་ཕྲུག་ཚོར་ལེགས་སྐྱེས་གནང་བ་མ་ཟད། སློབ་གྲྭར་ཞལ་འདེབས་ཀྱང་ཕུལ་གནང་སོང་། ཁོང་ཚོའི་བྱམས་བརྩེ་དང་རྒྱབ་སྐྱོར་ལ་ང་ཚོས་སེམས་གཏིང་ནས་དགའ་བསུ་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༡༦ ལ།
༄༅། །སྤྱི་ལོ ༢༠༢༦ ཟླ ༡ ཚེས ༡༦ ཉིན་རྒྱུད་སྨད་དཔེ་ཁྲིད་དགེ་རྒན་ཆེན་མོ་མང་ཐོས་འདུལ་བ་འཛིན་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་རྒན་འབྲུག་གྲགས་མཆོག་གིས་ལོ་འདིའི་ཆོས་ཐོག་ཏུ་ཕེབས་པའི་དགེ་བའི་བཤེས་གཉེན་རྣམས་ལ་དཔེ་ཁྲིད་དང་ཁྲིད་ལུང་སོགས་ལེགས་པར་ཡོངས་སུ་གྲུབ་ནས་མཇུག་ཏུ་གཏང་རག་གི་ཚོགས་མཆོད་ཕུལ་གནང་མཛད། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༡༦ ལ།
༄༅། །༧གོང་ས་༧སྐྱབས་མགོན་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་བསྐྱེད་མཛད་དགོངས་གཞིར་བཅས་འབར་མ་ཤྲི་ལངྐ་ནང་པའི་དགེ་སློང་འདུལ་བ་འཛིན་པ་རྣམས་དང་། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་པ་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པའི་བར་ལྟ་སྒྲུབ་བརྗེ་རེས་ཀྱི་བགྲོ་གླེང་དང་འབྲེལ་དགོན་སྡེ་ཁག་ལ་གནས་གཟིགས་ཕེབས་བཞིན་པ་དེ་རིང་འདུལ་བ་འཛིན་པའི་དགེ་སློང་རྣམས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཕེབས་པར་གུང་ཚིགས་ཕུལ་གནང་བ་དང་གཙུག་ལག་ཁང་སོགས་སུ་གནས་གཟིགས་ལ་ཕེབས་སོ། །[ ལོ་རིམ་བཞི་པའི་ཐེངས་འདིར་རྒྱལ་ཁབ་དྲུག་སྟེ། སིངྒ་ལ། ཐཻ་ལན་ཌྀ། འབར་མ། ཁམ་བོ་ཌི་ཡ། ལའོ་སྀ། བོད་བཅས་ཀྱི་དགེ་འདུན་པ་ཞལ་གྲངས་ ༦༥ ཡོད་པ་ལས། སིངྒ་ལའམ་ཤྲི་ལངྐའི་དགེ་སློང་བཅོ་ལྔ་ཉི་ཤུ་ཞིག་བདུན་ཕྲག་གཅིག་ཙམ་སྔོན་ནས་ཕ་ཡུལ་དུ་ཕེབས་ཟིན། གཞན་ལྷག་མ་ཡོངས་རྫོགས་ད་བར་གདན་ས་སེར་འབྲས་དགའ་གསུམ་སོགས་བོད་ཀྱི་དགོན་སྡེ་ཁག་དང་། རྡོར་གདན། ཝར་ཎཱ་སོགས་གནས་ཆེན་ཁག་ལ་མཇལ་བཅར། བགྲོ་གླེང་སོགས་ལྷུག་པོ་གནང་ཡོད་འདུག ། ] རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༡༣ ལ།
༄༅། །གསང་ཆེན་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་བསྟི་གནས་ཆེན་པོ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་རྒྱུད་རྒྱལ་གསང་བ་འདུས་པའི་ཊིཀྐཱ་ཆོས་ཐོག་སྐབས་ལྔ་པ་ཉིན་བཅོ་ལྔ་ཚོགས་ཤིང་དེ་རིང་མཚན་ཕུད་དམ་བཅའ་ཆེན་པོ་ཚོགས་ཏེ་མཇུག་སྒྲིལ་བའི་མཛད་སྒོ་གཟབ་རྒྱས་སྤེལ་བ་གཙོ་བོ་༧རྒྱལ་བའི་གོ་སྟོན་གྱི་མཆོད་སྤྲིན་དུ་དམིགས་སོ། །རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༠༣ ལ།
༄༅། །ནོར་བདག་ཆེན་པོ་ངལ་བསོས་པོ་གཙོ་འཁོར་དང། འདོད་རྒུའི་དཔལ་སྩོལ་མགོན་པོ་དཀར་པོ་མཁའ་འགྲོ་བཞི་ལྡན། བསྟན་སྐྱོང་ནོར་འཛིན་ཚེ་རིང་མཆེད་ལྔ་བཅས་པའི་ལས་ཆོག་གསུམ་ཚོགས་ཀྱི་སྒོ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ལོ་རེའི་འདུས་སྤྱི་ལྷན་ཁང་གི་གཡང་གསོལ་གཡང་བརྟན་བྱས་པ་འདི་ལ་བརྟེན་ནས་འགྲོ་བ་དབུལ་བའི་ངལ་བ་སེལ་བ་དང་ལྷག་པར་སྤྱི་ལོ་གསར་པ་འདི་ཡི་ནང་འགྲོ་ཀུན་ཆོས་འབྱོར་བདེ་དགའི་དཔལ་གྱིས་འཚོ་ཞིང་སྐྱིད་པའི་ཕྱིར་དུ་བསྔོ་ཞིང་སྨོན་པའི་ཆོ་གས་མཚམས་སྦྱར་བར་བྱས་སོ། །རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༠༣ ལ།
