༢༠༢༦ ལོའི་འཕྲིན་གསར་ཕྱོགས་བཏུས་གཉིས་པ།

༢༠༢༦ ལོའི་འཕྲིན་གསར་ཕྱོགས་བཏུས་གཉིས་པ།

༄༅། །གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ལ་ལོ་འཁོར་ཆོས་ཐོག་གི་རིམ་པ་ཁག་སྣེ་མང་ཞིག་ཡོད་པ་ལས་དེ་རིང་སྟེ་སྤྱི་ལོ་ ༢༠༢༦ ལོའི་ཟླ་ ༤ ཚེས་ ༤ ཉིན་སྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་རྗེ་བཙུན་ངག་དབང་སངས་རྒྱས་མཆོག་གི་ཞལ་སྔ་ནས། གདན་ས་ཁག་ནས་གསང་སྔགས་སློབ་གཉེར་སོགས་ཀྱི་ཆེད་དུ་འདི་ལོའི་ཆོས་ཐོག་ལ་ཕེབས་པའི་གསར་ཞུགས་ལྷ་ཚོགས་དགེ་བཤེས་ཉིས་བརྒྱ་ལྷག་དང་འདི་ལོའི་དགེ་སློང་གསར་པ་

རྣམས་དང་བཅས་པར་ཞོགས་དང་པོའི་འགྲེལ་པ་བཞི་སྦྲགས་ཀྱི་འཆད་ཉན་དབུ་ཚུགས་གནང་ཡོད། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༤།༠༤ ལ།

༄༅། །དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགེ་བཤེས་སྔགས་རམས་པ་དགེ་འདུན་ཆོག་གྲྭ་ལྷན་ཚོགས་ཤིག་ར་ཤི་ཡ་ (Russia Moscow) ཁུལ་གྱི་དད་ལྡན་ཁག་ཅིག་ནས་ཇི་ལྟར་གདན་ཞུ་ཕུལ་བ་ལྟར། [ འདུན་ལེགས་ཆོས་ཀྱི་དགའ་སྟོན། ] ཞེས་པའི་མཚན་མིང་འོག །སྤྱི་ལོ་ ༢༠༢༦ ཕྱི་ཟླ་ ༠༤ ཚེས་ཤར་ལ་གྲྭ་ཚང་ནས་ཕེབས་ཐོན་གྱིས་གྲོང་ཁྱེར་ Moscow རུ་བདེ་བར་ཕེབས་འབྱོར་བྱུང་བསྟུན། ཁུལ་དེའི་འབྲེལ་ཡོད་མི་སྣས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཞིང་། ཁུལ་དེར་བཞུགས་རྒྱུན་ཟླ་བ་གཉིས་ཙམ་གྱི་རིང་། ནང་ཆོས་འཆད་སྤེལ་དང་དཀྱིལ་འཁོར་གསར་བཞེངས་ཀྱིས་མཚོན་པས་གང་ལ་དེ་འཚམས་ཀྱི་དམ་པའི་ཆོས་ཀྱི་མཛད་རིམ་སྣེ་མང་སྤེལ་འཆར་ལས། ཉེ་ཆར་སྤྱི་ཚེས་ ༠༤ ཉིན་དཔལ་འཁོར་ལོ་བདེ་མཆོག་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་འགོ་ཚུགས་ཡོད། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༤།༠༤ ལ།

༄༅། །སྤྱི་ལོ་ ༢༠༢༦ ལོའི་སྤྱི་ཟླ་ ༠༤ སྤྱི་ཚེས་ ༠༡ ཉིན་གསང་ཆེན་སྨད་རྒྱུད་གྲྭ་ཚང་གི་སློབ་གྲྭའི་ཚོགས་ཁང་གཞན་ཕན་སྣང་འབྱེད་དུ་སྐྱབས་རྗེ་མཁན་རིན་པོ་ཆེ་དང་བླ་མ་སྐུ་ཕྱོགས་སོགས་ལས་སྣེ་དགེ་སློབ་ཡོངས་འདུས་འཛོམས་གནང་སྟེ། མདོ་སྔགས་བཤད་སྒྲུབ་ཀྱི་སློབ་གཉེར་ཁང་ཆེན་མོའི་སློབ་གཉེར་བ་རྣམས་ཀྱི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བ་དང་། རྒྱུགས་སྤྲོད་ཀྱི་གྲུབ་འབྲས་རྩེར་སོན་རྣམས་ལ་གཟེངས་རྟགས་ཕུལ་བ་དང་། དགེ་ལས་སོགས་ལའང་ཐུགས་རྗེ་ལེགས་གསོལ་ཕུལ། [ འོག་གི་ཨང་གྲངས་ལ་སྦྲེལ་སྣེ་མཐུད་ཡོད་པས་དེ་དག་བརྒྱུད་སྐུ་པར་ཡོངས་གཟིགས་ཐུབ། ] རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༤།༠༡ ལ། [ 1 ] [ 2 ] [ 3 ] [4 ]

༄༅། །གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཟབ་སྦྱོང་སྐོར་མང་པོ་ཞིག་ཚུགས་བཞིན་པ་ལྟར། སྤྱི་ལོ་ ༢༠༢༦ ལོའི་ཟླ་ ༤ ཚེས་ ༡ ལ་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་རུ་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་གི་མན་ཇུ་ཤྲི་ཝི་རྡ་ཡ་པིཊ་སློབ་གྲྭ་དང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་གཉིས་ཟུང་འབྲེལ་གྱིས་སྤྱི་ལོ་ ༢༠༢༦ ཟླ་ ༤ ཚེས་༡ ནས་ སྤྱི་ཟླ་ ༥ ཚེས་ ༣༡ བར་ཟླ་བ་གཉིས་ཀྱི་རིང་ལ་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་སློབ་ཁྲིད་ཐེངས་དང་པོའི་དབུ་འབྱེད་མཛད་སྒོ་ཚུགས། [ འོག་གི་ཨང་གྲངས་ལ་སྦྲེལ་སྣེ་མཐུད་ཡོད་པས་དེ་དག་བརྒྱུད་སྐུ་པར་ཡོངས་གཟིགས་ཐུབ། ] རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༣།༣༡ ལ། [ 1 ] [ 2 ]

༄༅། །འདི་ག་དཔལ་ལྡན་སྨད་རྒྱུད་པའི་དགེ་བཤེས་སྔགས་རམས་པ་དགེ་འདུན་ཆོག་གྲྭ་ལྷན་ཚོགས་ཤིག་ར་ཤི་ཡའི་ཁུལ་གྱི་དད་ལྡན་མང་ཚོགས་ནས། ཇི་ལྟར་གདན་ཞུ་ཕུལ་བ་ལྟར། དེ་རིང་རྡོག་ཐོན་གྱིས། ཁུལ་དེར། འདུན་ལེགས་ཆོས་ཀྱི་དགའ་སྟོན། ཞེས་པའི་མཚན་མིང་འོག་ནང་ཆོས་འཆད་སྤེལ་དང་དཀྱིལ་འཁོར་བཞེངས་སྐྲུན་སོགས་ཀྱིས་མཚོན་པས། དམ་པའི་ཆོས་ཀྱི་མཛད་སྒོ་སྣེ་མང་སྤེལ་རྒྱུ་ཡིན་པ་རེད། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༣།༣༠ ལ།

༄༅། །མང་ཐོས་འདུལ་བ་འཛིན་པ་རྒྱུད་སྨད་དཔེ་ཁྲིད་དགེ་རྒན་ཆེན་མོ་ཡོངས་ཀྱི་དགེ་བའི་བཤེས་གཉེན་དགེ་འབྲུག་གྲགས་མཆོག་ནས་འདི་ལོར་ཆོས་ཐོག་ཕེབས་པའི་དགེ་བཤེས་ཉིས་བརྒྱ་ལྷག་ལ་ཆོས་འབྲེལ་གྱི་དབུ་འཛུགས་གནང་སྐབས་བརྙན་པར་འགའ་འབྲེལ་ཡོད་རྣམས་ཀྱི་སྤྱན་ལམ་དུ་ཕུལ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༣།༢༩ ལ།

༄༅། །སྤྱི་ལོ་ ༢༠༢༦ ལོའི་ ༠༣ ཟླ་ ༢༢ ཉིན། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་། བླ་མ་དབུ་འཛད། ཁྲིམས་བདག་དགེ་བསྐོས། སློབ་སྤྱི། སྒྲིག་ལམ་རྒན་སོགས་ཀྱིས་སློབ་གཉེར་ཁང་གི་སློབ་གཉེར་བ་ཚོར་འཕྲལ་ཕུགས་གཉིས་ཀྱི་དོན་དུ་སློབ་གཉེར་བྱེད་ཕྱོགས་དང་། སྒྲིག་ལམ་འཁུར་ཕྱོགས་སོགས་ཀྱི་ཐད་ལམ་སྟོན་དང་བསླབ་བྱ་གནང་། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༣།༢༢ ལ།

༄༅། །སྤྱི་ལོ་༢༠༢༦ ལོའི་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་བོད་ཁྱིམ་སློབ་གྲྭ་ཁག་ནས་དགུན་ཁའི་ཟླ་གཅིག་ཆོས་རིག་ཟབ་སྦྱོང་སྐབས་དགུ་པ་ལ་འཛུལ་ཞུགས་བྱས་པའི་སློབ་ཕྲུག་རྣམས་ལ་སློབ་ཚན་དང་རྒྱུགས་སྤྲོད་བཅས་ལེགས་པར་གྲུབ་སྟེ་སྤྱི་ཟླ་ ༢ པའི་ཚེས་ ༤ ཉིན་མཇུག་བསྡོམས་མཛད་སྒོ་བསྐྱངས། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༢།༠༤ ལ།

༄༅། །སྤྱི་ལོ་ ༢༠༢༥ ལོར་གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གདན་ས་ཁག་ནས་ཆོས་ཐོག་ཏུ་ཕེབས་པའི་དགེ་བཤེས་རྣམས་ཀྱིས་ལོ་གཅིག་གི་རིང་གསང་སྔགས་ཀྱི་གཞུང་ལ་སློབ་གཉེར་གནང་བའི་འབྲས་རྟགས་སྔགས་ཀྱི་རྩོད་རྒྱུགས་གནང་བའི་ཕྱག་འཁྱེར་ཕུལ་བ་དང། ལོ་འདིའི་སྔགས་རམས་གསར་དུ་ཐོན་པ་རྣམ་པའི་དམ་བཅའ་མཆོད་སྤྲིན་དང་བཅས་པའི་རྟེན་འབྱུང་མཛད་སྒོ་བཅས་ལེགས་པར་གྲུབ། [ འོག་གི་ཨང་གྲངས་ལ་སྦྲེལ་སྣེ་མཐུད་ཡོད་པས་དེ་དག་བརྒྱུད་སྐུ་པར་ཡོངས་གཟིགས་ཐུབ། ] རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༢།༠༡ ལ།

[ 1 ] [ 2 ] [ 3 ]

༄༅། །དཔལ་ལྡན་སྨད་རྒྱུད་གྲྭ་ཚང་མདོ་སྔགས་བཤད་སྒྲུབ་སློབ་གཉེར་ཁང་ནས་འདི་ལོར་ཟླ་བ་གཅིག་རིང་འབྲས་སྤུངས་འཇང་དགུན་ཆོས་སུ་མཉམ་ཞུགས་གནང་རྗེས་འདི་ག་གྲྭ་ཚང་དུ་དམ་བཅའ་ཚོགས་པ། རྒྱུད་སྨད་དཔེ་མཛོད་ཁང་དྲ་ངོས་རྩོམ་སྒྲིག་པས་ ༢༠༢༦།༠༡།༣༠ ལ།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Office Email: gyudmedtus@yahoo.co.inWeb Email:  gyudmedtantricuniversity@gmail.com
Website:   www.https://gyudmedtantricuniversity.orgContact No:  Krt +91 0822 246165 (Tibetan Language)