བླ་མ་དབུ་མཛད་གསར་བསྐོ་གནང་།

བླ་མ་དབུ་མཛད་གསར་བསྐོ་གནང་།

བོད་རྒྱལ་ལོ་ ༢༡༥༡ ལོ་དང་། སྤྱི་ལོ་ ༢༠༢༤ ལོའི་སྤྱི་ཟླ་དང་པོའི་ཚེས་ཆེན་བཅོ་ལྔའི་ཉིན་གཟའ་སྐར་འཕྲོད་སྦྱོར་དགེ་བ་ལ་གསང་ཆེན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་གསར་པ་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་ཚུགས་གནང་སོང་།

གསང་ཆེན་རྡོ་རྗེ་ཐེག་པའི་བཤད་སྒྲུབ་ཀྱི་བསྟི་གནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་གསར་པའི་འོས་དམིགས་ཀྱི་མཚན་གཞུང་། གདན་གསུམ་དགེ་བཤེས་ལྷ་རམས་པ་དགེ་བསྐོས་ཐོན་ཟུར་རྣམ་པའི་མཚན་གཞུང་ལོ་རྒྱུས་དང་བཅས་པ་གྲྭ་ཚང་ནས་དགའ་ལྡན་ཁྲི་ཐོག་ཁང་བརྒྱུད་༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་ལ་ཡེ་ཤེས་སྤྱན་འབེབས་ཐུགས་དབྱིངས་གཟིགས་དཔྱད་དུ་ཕུལ་བའི་འབྲས་སྨིན་སྐལ་བཟང་ཐོབ་པར་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་། གླིང་མཆོག་སྤྲུལ་རིན་པོ་ཆེའི་ཡོངས་འཛིན་དགེ་བཤེས་ཐུབ་བསྟན་རབ་རྒྱས་ལགས། དཔལ་ལྡན་སྨད་རྒྱུད་པའི་བླ་མ་དབུ་མཛད་ཀྱི་ཕྱག་དམ་ཕེབས་ཡོད་པ་དང་། སྤྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༡༥ རེས་གཟའ་པ་སངས་ཉིན་མོར་རྒྱུད་སྨད་ཕྱག་མཛོད་དགེ་འཇམ་དབྱངས་ཆོས་འཕེལ་མཆོག་དང་། ཁང་ཚན་རྒན་རྣམ་གཉིས་ཆེད་བཅར་གྱིས་འབྲས་བློ་གླིང་དཔེ་ཐུབ་ཁང་ཚན་དུ་སྐུ་ཞབས་བླ་མ་དབུ་མཛད་ལགས་སུ་ཕྱག་ཐམ་བཀའ་ཡིག་རིན་པོ་ཆེ་འབུལ་བཞེས་ཀྱི་རྟེན་འབྲེལ་མཛད་སྒོ་སྟབས་བདེ་ཞིག་སྤེལ་གནང་མཛད། སྤྱི་ལོ་ ༢༠༢༤ ལོའི་ཟླ་དང་པོའི་ཚེས་ ༡༥ ཉིན་གཟའ་སྐར་དགེ་བར་བླ་མ་དབུ་མཛད་ཀྱི་བཞུགས་ཁྲི་ལ་མངོན་པར་འཁོད་པའི་ཁྲི་སྟོན་མཛད་སྒོ་ཚུགས་གནང་མཛད།

Related Articles

Postal Address:  Gyudmed Tantric University Society, P.O. Gurupura, Hunsur Taluk, Distt Mysore, State Karnataka,Pine 571105, India.
Email Id:  gyudmedtantricuniversity@gmail.comWebsite:   www.https://gyudmedtantricuniversity.org
Contact No:  Krt +91 0822 246165 (Tibetan Language)